ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་འཕེལ་འགྱུར་ཨུ་ཡོན་ལྷན་ཁང་གིས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་སོ་སོར་གནད་ལ་འཁེལ་བའི་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། རེབ་གསར་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གཙོ་བོ་ཡིད་རྟོན་བདེ་ཐང་བཤེར་རིས་ཀྱི་ལག་རྩལ་འདེགས་སྐྱོར་ལེགས་སྒྱུར་གྱིས་ཞབས་ཞུ་སྟོབས་ལྡན་དུ་བསྒྱུར་བ་དང་། གཙོ་གནད་དངོས་ཟོག་མཁོ་འདོན་བར་མ་ཆད་པར་འགན་སྲུང་སྒོས་འཆམ་མཐུན་ལ་སྐུལ་བ། དམངས་འཚོའི་ཚོང་རྫས་རིན་གོང་ལྟ་འཇལ་མུ་མཐུད་དུ་སྤེལ་ནས་དམངས་སེམས་བདེ་ལ་འགོད་པ་སོགས་ཀྱི་ཐད་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བར་རོགས་སྐུལ་བྱས། 

ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འཕྲལ་བསྟུན་ཞིབ་འཇུག་གསར་སྤེལ་བྱས་པའི“ཡིད་རྟོན་བདེ་ཐང་བཤེར་རིས”མ་ལག་ནི་ཉེ་ལམ་བར་དུ་ཉིན800ཉེ་བར་འཁོར་སྐྱོད་བརྟན་པོ་བྱས། རིམ་རྩིས་ལྟར་ན་ལས་ཁུངས་ཁྲི19.5ལྷག་གིས་ཐོ་འགོད་བྱས་པ་དང་། མི་ཁྲི1033ཡས་མས་ཀྱིས་ཡིད་རྟོན་བདེ་ཐང་བཤེར་རིས་ཞུ་ལེན་བྱས་ཡོད། རེབ་འདིའི་རིམས་ནད་སྐབས་སུ་ཡིད་རྟོན་བདེ་ཐང་བཤེར་རིས་ཐོར་འགོད་ཚད་དང་། བཤེར་ཚད་བསྟུད་མར་ཆེས་ཆེར་འཕེལ་ཡོད་ལ། མ་ལག་གི་ཞབས་ཞུ་ཇེ་དྲག་ཏུ་གཏོང་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཐོབ་ཐང་དཔང་ཡིག་བཤེར་ན་ཐད་ཀར་དུ་བཤེར་རིས་ལ་འགྱུར་བ་དང་། མི་དཔང་ཚ་བརྟག་དབྱེ་འབྱེད་གཞི་གཅིག་ཅན། རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་མོ་འགྲུལ་སྐྱོད་བྱང་བུའི་ཆ་འཕྲིན་དང་འདྲེས་པ་སོགས་མ་ལག་གི་ཞབས་ཞུ་བྱེད་ནུས་དོན་ཚན་ཁག་ཅིག་རིམ་སྤོར་འཐུས་ཚང་ལ་དམ་འཛིན་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས“ཡིད་རྟོན་བདེ་ཐང་བཤེར་རིས”འཕྲལ་བསྟུན་འགན་སྲུང་ལག་རྩལ་གདོང་ལེན་རུ་དཔུང་སྒྲིག་འཛུགས་བྱས་ནས་བརྒྱུད་ལམ་ཡོངས་ལ་གྲལ་བཤེར་སྤེལ་བ་དང་། དུས་ཚོད24རིང་ལ་འདུ་འཛི་ཆེ་སར་བཤེར་རིས་བཤེར་དུ་བཅུག་ཤིང་། མ་ལག་གི་སྟེགས་རྒྱབ་ལེགས་སྒྱུར་བྱས་ནས། གཤིས་ནུས་མཐོ་བའི་དངོས་ལུགས་ཞབས་ཞུ་འཕྲུལ་ཆས་སྒྲིག་སྦྱོར་བྱས་ཏེ། མ་ལག་གི་བརྟན་འཇགས་ལ་ཤུགས་རྐྱེན་ཐེབས་པའི་མངོན་མེད་རྐྱེན་ངན་སེལ་བ་རེད། 

དམངས་འཚོའི་ཚོང་རྫས་རིན་གོང་གི་ཉིན་རེའི་ལྟ་འཇལ་དང་། ཉིན་རེའི་སྙན་ཞུ་ལམ་ལུགས་ལག་བསྟར་བྱས་པ་དང་། ཆ་འཕྲིན་ཁྱབ་སྒྲོག་གི་ལྟ་རྟོག་ཚད་འཇལ་ལ་ཤུགས་བསྣན་ཏེ། མང་ཚོགས་ཀྱིས་རྣམ་དཔྱོད་ལྡན་པའི་འཛད་སྤྱོད་བྱེད་པར་སྣེ་ཁྲིད་བྱས། དུས་མཚུངས་སུ། དངོས་གོང་ཧམ་སྤར་དང་ཁྲོམ་རའི་རིན་གོང་སྒེར་སྡོམ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་སྟོབས་ཤུགས་རྩ་འཛུགས་བྱས་ནས་རྡུང་རྡེག་ནན་མོ་བཏང་། ཟི་ལིང་གྲོང་ཁྱེར་གྱི་ཚོད་མའི་རིགས་གཙོ་བོའི་རིན་གོང་ལ40%དང60%ཡི་སྡེབ་ཚོང་ཁྱད་ཕྱོད་ཚོད་འཛིན་ལམ་ལུགས་ལག་བསྟར་བྱས། མིག་སྔར། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་དང་། སྣུམ། ཤ སྒོང་ང་། ཚོད་མ་བཅས་ཀྱི་སིལ་ཚོང་རིན་གོང་གི་འཕར་ཆག4%ནང་རོལ་དུ་སྲུང་འཛིན་བྱས་ཡོད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།