ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས“ཀྲུང་ཧྭ་ཆུ་མཛོད”གཏན་སྲུང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

3.jpg

4.jpg

པར་འདི་དག་ནི་མགོ་ལོག་ཁུལ་གྱི་རང་བྱུང་མཛེས་ལྗོངས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མགོ་ལོག་ཁུལ་ནི་གཙང་གསུམ་འབྱུང་ཡུལ་དང་རྨ་ཆུའི་འབྱུང་ཡུལ་དུ་གནས་ཤིང་། དེ་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁུལ་ཡིན་ཞིང་། མགོ་ལོག་ཁུལ་མངའ་ཁོངས་སུ་རྨ་ཆུ་ནི་རྫོང་ལྔ་ཡི་སྤྱི་ལེ760ལྷག་ཙམ་དུ་བརྒྱུད་ཅིང་། གནས་དེ་རུ་རང་བྱུང་ཡུལ་ལྗོངས་མཛེས་ཤིང་ཡིད་དུ་འོང་བ་དང་། རྩྭ་ཐང་ཡངས་ཤིང་རྒྱ་ཆེ་བ། གྲོག་རོང་གཡང་གཟར་བཅས་ཡོད་པ་མ་ཟད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་སྐྱེ་ཁམས་ནུས་པའི་ཁུལ་ཡོད་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཆགས་ཡོད།

ཉེ་བའི་ལོ་འགའི་རིང་། མགོ་ལོག་ཁུལ་གྱིས་རྨ་ཆུའི་སྲུང་སྐྱོང་གི“འབྱུང་ཡུལ་གྱི་འགན་འཁྲི”ཕྲག་ཏུ་འཁུར་ཏེ་གཞི་ཁྱོན་ཆེ་བའི་རྨ་ཆུ་བཅོས་སྐྱོང་དང་སྲུང་སྐྱོང་ལས་དོན་སྤེལ་ནས། “ཆུ་དཔོན་དང་མཚོ་དཔོན་ལམ་ལུགས”དང་། “ནགས་དཔོན་དང་རྩྭ་དཔོན་ལམ་ལུགས”ལ་སྐུལ་འདེད་བཏང་བས། ས་ཁོངས་ནང་གི་རྨ་ཆུ་དང་འབྲི་ཆུ་འབབ་རྒྱུད་ཀྱི་ས་ངོས་ཆུའི་རིགསⅡཀྱི་སྤུས་ཚད་དང་རྫོང་སོ་སོའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོའི་ཆུ་སྤུས་ཚད་གཞི་སླེབས་ཚད100%ཟིན་པ་དང་། རྨ་ཆུ་ས་ཁོངས་ནས་བརྒལ་བའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགསΙལ་སླེབས་ཡོད།

རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ། ཉེ་ཆར་འཚོགས་པའི་མགོ་ལོག་ཁུལ་གྱི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་ཐོག་མགོ་ལོག་ཁུལ་ཏང་ཨུ་ཡི་ཧྲུའུ་ཅི་ཀྲང་ཞའོ་ཅུན་གྱིས། མགོ་ལོག་ཁུལ་གྱིས“རྨ་ཆུ་དེ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བདེ་སྐྱིད་ཆུ་བོ་ཞིག་ཏུ་འགྱུར་རྒྱུ”དམིགས་ཚད་དུ་བཟུང་ནས། མ་ཡུམ་གཙང་པོའི་སྐྱེ་སྟོབས་ཀྱི་གསོན་ཤུགས་ནམ་ཡང་མི་ཉམས་པར་བྱེད་དགོས་པ་མ་ཟད། མགོ་ལོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད།

མགོ་ལོག་ཁུལ་མངའ་ཁོངས་ཀྱི་རྨ་ཆུའི་འབབ་རྒྱུད་ཀྱིས་རྨ་ཆུའི་སྤྱིའི་རིང་ཚད་ཀྱི16%དང་མཚོ་སྔོན་མངའ་ཁོངས་ཀྱི་རྨ་ཆུའི་སྤྱིའི་རིང་ཚད་ཀྱི58%ཟིན་ཡོད་པ་དང་། “མགོ་ལོག་ཁུལ་གྱིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་རྒྱུ་མཉམ་འདྲེས་འབྲེལ་མཐུད་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ལས་དོན་ལ་སྐུལ་འདེད་གཏོང་དགོས”ཅེས་ཀྲང་ཞའོ་ཅུན་གྱིས་བཤད།

ཤེས་གསལ་ལྟར་ན། མགོ་ལོག་ཁུལ་གྱིས་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་འབྱུང་ཡུལ་ལས་དོན་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་སྲུང་སྐྱོང་གི་སླར་གསོའི་ལས་གྲྭ་ལག་བསྟར་ཞིབ་ཚགས་དང་། རྒྱལ་ཁོངས་ལྗང་སྒྱུར་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་ལག་བསྟར་ནན་པོ་བཅས་བྱ་རྒྱུ་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་དུས་ཐེངས་གཉིས་པའི་འཆར་འགོད་དང་། རི་ཆུ་ནགས་ཞིང་དང་མཚོ་དང་མཚེའུ། འཁྱགས་རོམ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྣམ་གྲངས་ལག་བསྟར་ཞིབ་ཚགས་བྱེད་པ། ཆུ་དཔོན(མཚོ་དཔོན)ལམ་ལུགས་དང་རྩྭ་དཔོན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་གངས་རི་འཁྱགས་རོམ་གྱི་འཁྱགས་སའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ཏེ། ཨ་མྱེས་རྨ་ཆེན་འཁྱགས་རོམ་ཁྱུ་ཚོགས་ལ་བཀག་སྡོམ་སྲུང་སྐྱོང་བྱས། རྨ་ཆེན་རྫོང་གི་རྨ་ཆུའི་འབྱུང་ཡུལ་དགུ་ཆུའི་འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་ཕྱོགས་བསྡུས་བཅོས་སྐྱོང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་དང་། དར་ལག་རྫོང་གི་རྨ་ཆུའི་ཆུ་གཞུང་སྡེར་སྣང་ཤང་དུམ་བུའི་ཆུ་ངོགས་ཀྱི་སྐྱེ་ཁམས་སླར་གསོ་ལས་གྲྭ། རྨ་ཆུའི་མགོ་ལོག་འབབ་རྒྱུད་ཀྱི་ནགས་ཚལ་དང་རྩྭ་ཐང་སླར་གསོ་རྣམ་གྲངས་སོགས་ཀྱི་གཙོ་གནད་རྣམ་གྲངས་དོན་འཁྱོལ་བྱས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོའི་མགོ་ལོག་དཔེ་སྟོན་ཁུལ་ཧུར་ཐག་གིས་གཏོད་རྒྱུ་རེད།

ཆུའི་ཐོན་ཡུལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་མགོ་ལོག་ཁུལ་གྱིས་ཆུ་གྲོན་ཆུང་བྱ་རྒྱུ་དེ་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་སྲིད་སྐྱོང་བྱས་རྗེས་ཀྱི་དཔྱད་ཞིབ་ཁྱབ་ཁོངས་ནང་བཅུག་ནས། ལོ་རེར་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི1དང་དེ་ཡན་གྱི་བཟོ་ལས་དང་ཞབས་ཞུའི་ལས་རིགས་ཀྱི་ཆུ་སྤྱོད་ཚན་པའི་འཆར་གཞིའི་ཆུ་སྤྱོད་དོ་དམ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། “རྨ་སྟོད་རྫོང་ཁོངས་ཀྱི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་ནས། ལོ་མཇུག་སྔོན་དུ་ཚད་གཞི་ལོན་པའི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་བྱས་ཏེ། ཆུ་ཤུགས་གློག་ཁང་སོ་སོའི་སྐྱེ་ཁམས་གཞི་རྩའི་འཁོར་རྒྱུག་ལ་ལྟ་སྐུལ་ཚོད་འཛིན་བྱེད་པ་དང་། ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་རྒྱུག་ཚད་ལ་འགན་ལེན་བྱེད་པ། ཞིང་འབྲོག་ཁུལ་གྱི་གཅིག་སྡུད་ཆུ་མཁོ་འདོན་དང་ཆུ་གྲོན་ཆུང་གི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། ཁྲིམས་འགལ་ངང་ཆུ་སྤྱོད་པར་རྡུང་རྡེག་ནན་མོ་བྱེད་པ་བཅས་བྱས་ནས་ཆུའི་ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་དང་སྲུང་སྐྱོང་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་ཀྲང་ཞའོ་ཅུན་གྱིས་བསྟན།

རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མགོ་ལོག་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་དང་ཐོན་ལས་ཀྱི“ས་ཆ་བཞིའི”འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་ཐོན་ལས་ཅན་དང་ཐོན་ལས་འཕེལ་རྒྱས་སྐྱེ་ཁམས་ཅན་དུ་བསྒྱུར་བ་མངོན་འགྱུར་བྱས། “མགོ་ལོག་རྟགས་ཅན”གྱི་སྤུས་རྟགས་སྐྱེད་སྲིང་དང་ལྗང་མདོག་སྐྱེ་ལྡན་ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། སྐྱེ་ཁམས་ཞིང་ཕྱུགས་ལས་ཐོན་ལས་ཅན་དུ་སྒྱུར་བའི་འགག་རྩའི་ལག་རྩལ་ནང་འདྲེན་དང་ཞིབ་འཇུག དཔེ་སྟོན་ཁྱབ་སྤེལ་བཅས་ལ་ཤུགས་སྣོན་བྱས་ལ། སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་ཀྱི་ཚན་རྩལ་འདུས་ཚད་མཐོ་རུ་བཏང་། དམར་ལྡང་ཆུ་འཐེན་ནུས་གསོག་རྣམ་གྲངས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དྭངས་གཙང་དྲོད་ལེན་སོགས་གཙོ་གནད་རྣམ་གྲངས་ལས་གྲྭར་སྐུལ་འདེད་གཏོང་བ་བརྒྱུད། རྨ་ཆེན་རྫོང་གི“འོད་ཕྱུགས་གསོག་འཇོག”གི་ནུས་མང་གསབ་རེས་ཕྱོགས་བསྡུས་གཞི་གཅིག་ཅན་གྱི་རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱས་ཤིང། རང་བྱུང་སྐྱེ་ཁམས་དང་གསར་བརྗེའི་རིག་གནས། དམངས་སྲོལ་གོམས་གཤིས་སོགས་ཀྱི་ལེགས་ཆ་སྔོག་འདོན་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དང་རྨ་ཆུའི་རིག་གནས་དང་། གསར་བརྗེའི་རིག་གནས། གེ་སར་རིག་གནས་བཅས་གཞི་གཅིག་ཅན་གྱི་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་མཉམ་འདྲེས་ལ་བསམ་ཕྱོགས་གསར་གཏོད་བྱས་ནས། སྐྱེ་ཁམས་བརྗོད་བྱ་གཙོ་བོར་བྱེད་པའི་རིག་གནས་ཡུལ་སྐོར་གྱི་ཐབས་ལམ་གསར་བ་ཞིག་ཧུར་ཐག་གིས་འཚོལ་ཞིབ་བྱས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།