ཀྲུང་གོ་བོད་ཀྱི་དྲ་བ།

ཆོས་དབྱིངས་སྐྱིད་ཀྱིས་ཡང་གསེར་གྱི་རྟགས་མ་གཅིག་བླངས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20220424171303.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ4པའི་ཚེས23ཉིན་གྱི་སྔ་དྲོར། འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འདུར་རྒྱུག་གི་སྐོར་སྐྱོད་འགྲན་བསྡུར(གསེར་གྱི་རྟགས་མའི་འགྲན་བསྡུར)སི་ལོ་ཧྥ་ཁེའི་ཏུའུ་ཏིང་ཞི་ནས་འཚོགས་པ་དང་། བུད་མེད་སྐོར་གྱི་སྤྱི་ལེ35ཡི་འདུར་རྒྱུག་གི་རྟིང་རྩོད་འགྲན་བསྡུར་ཁྲོད། ཀྲུང་གོའི་འགྲན་ཞུགས་པ་ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད2དང་སྐར་མ43དང་སྐར་ཆ06གི་རྒྱུག་འབྲས་ཀྱིས་ཨང་དང་པོ་བླངས་པ་མ་ཟད། ཁོ་མོའི་མི་སྒེར་གྱི་ལུས་རྩལ་རྣམ་གྲངས་འདིའི་སྟེང་གི་ཆེས་བཟང་བའི་རྒྱུག་འབྲས་བཏོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།