ཀྲུང་གོ་བོད་ཀྱི་དྲ་བ།

​མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

4.jpg

པར་འདི་དག་ནི་མཚོ་སྔོན་པོའི་ཆུ་བྱ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས21ཉིན། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས་མིག་སྔར་བསྡོམས་པས་ཆུ་བྱ་རིགས97དེ་རུ་འཚོ་སྡོད་བྱེད་བཞིན་ཡོད།

2022ལོའི་དཔྱིད་དུས་སུ་སྐོར་སྲུང་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱས་པ་བརྒྱུད། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་ཆུ་བྱ་རིགས28ལ་ལྟ་ཞིབ་ཚད་ལེན་བྱས་པར་བསྡོམས་གྲངས་ཁྲི6.5ལྷག་ཙམ་ཟིན་པ་དང་། ཆུ་བྱའི་གྲངས་འབོར་ན་ནིང་གི་དུས་མཉམ་ལས་ལྡབ་4.5འཕར་ཡོད། མིག་སྔའི་བར། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འདབ་ཆགས་རིགས227ཡོད་པ་དང་། འདབ་ཆགས་རིགས་ལས་བརླན་ས་དང་། མྱ་ངམ་ཐང་། སྤང་ལྗོངས། རྩྭ་ཐང་བཅས་སུ་འཚོ་སྡོད་བྱེད་པའི་ཆུ་བྱ་དང་། འདབ་ཆགས་རིགས་རྩ་ཆེན། ཆུ་བྱ་ཆེ་གྲས་བཅས་གཙོ་བོར་བྱས་པའི་ནང་མཚོ་སྔོན་པོའི་ཆུ་བྱ་རིགས97ཡོད་པ་དང་། ལོ་རེར་མཚོ་སྔོན་པོར་རིགས་རྒྱུད་སྤེལ་བཞིན་ཡོད་པའི་ཁྲུང་ཁྲུང་མགོ་ཁྲ་དང་། ཆུ་སྐྱར་མགོ་སྐྱ། ཆུ་སྐྱར། སོ་བྱའི་རིགས་རྒྱུད་སྤེལ་བའི་ཁྱུ་ཚོགས་དཀྱུས་མ་བཅས་གོ་ལ་ཧྲིལ་པོའི་རིགས་རྒྱུད་སྤེལ་བའི་ཁྱུ་ཚོགས་ཀྱི30%ཟིན་ཡོད།

གཞན་ཡང་། མིག་སྔའི་བར་དུ་མཚོ་སྔོན་པོའི་ཉ་རིགས་གཙོ་བོ་ཏེ་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཏུན་ཁྲི10.85ཟིན་པ་དེ་ལོ་སྔོན་མ་ལས་ཏུན་ཁྲི0.81མང་དུ་ཕྱིན་ནས་སྲུང་སྐྱོང་ཐོག་མའི་དུས་ཀྱི་ལྡབ42ཙམ་ཟིན་ཞིང་། གནའ་སྡོད་དགོ་རིགས་ཀྱི་གྲངས་འབོར2004ལོའི257ནས2021ལོའི2800ཙམ་ལ་སླེབས་པ་དང་། ཕྱོགས་སྟོན་རང་བཞིན་གྱི་དངོས་རིགས་ཆུ་བྱའི་བསྡོམས་འབོར་ཁྲི57.1བར་འཕར་ནས2007ལོའི་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་ཆེས་མང་བའི་ཚད་ལ་སླེབས་ཡོད། གཞི་གྲངས་འདི་དག་ལས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་མཚོན་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།