ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ཐུན་མོང་དང་མི་སྒེར་མང་པོར་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གཟེངས་བསྟོད་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གཟེངས་བསྟོད་བྱེད་རྒྱུའི་གཏན་ཁེལ་བྱས་ཏེ། གུང་གཞོན་ཚོགས་པའི་རྩ་འཛུགས293རྒྱལ་ཡོངས་ལྔ་བཞི་དར་དམར་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་མཚན་སྙན་གནང་བ་དང་། གུང་གཞོན་ཚོགས་པའི་རྩ་འཛུགས379ལ་རྒྱལ་ཡོངས་ལྔ་བཞི་དར་དམར་གུང་གཞོན་ཚོགས་པའི་ཀྲི་པུའུ་ཡི་མཚན་སྙན་གནང་ལ། བློ་མཐུན454དང་ཚེ་འདས་བློ་མཐུན3ལ་རྒྱལ་ཡོངས་ཕུལ་བྱུང་གུང་གཞོན་ཚོགས་མིའི་མཚན་སྙན་གནང་བ་དང་། བློ་མཐུན354དང་ཚེ་འདས་བློ་མཐུན1ལ་རྒྱལ་ཡོངས་གུང་གཞོན་ཚོགས་པའི་ཕུལ་བྱུང་ལས་བྱེད་མི་སྣའི་མཚན་སྙན་གནང་། རང་ཞིང་གི་ཐུན་མོང་དང་མི་སྒེར་མང་པོར་གཟེངས་བསྟོད་ཐོབ།

རྒྱལ་ཁབ་གློག་གཏོང་སྡེ་ཚོགས་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟིའི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་དང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཀུའུ་ཁྲིན་ཐའེ་སྲང་ལམ་གུང་གཞོན་ཚོགས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་། གུང་གཞོན་ཚོགས་པའི་གཏེར་ལེན་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་། གཅན་ཚ་རྫོང་སྣང་ར་ཡུལ་ཚོ་བདེ་སྐྱིད་སྡེ་བའི་གུང་གཞོན་ཚོགས་པའི་ཀྲི་པུའུ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་ནད་ལྕི་མོའི་གསོ་རིག་ཚན་ཁག་གི་གུང་གཞོན་ཚོགས་པའི་ཀྲི་པུའུ་བཅས་ལ་རྒྱལ་ཡོངས་ལྔ་བཞི་དར་དམར་གུང་གཞོན་ཚོགས་པའི་ཀྲི་པུའུ་ཡི་མཚན་སྙན་ཐོབ་པ་དང་། མཚོ་སྔོན་སྣུམ་ཞིང་སྣུམ་འདོན་བཟོ་གྲྭ་གསུམ་པའི་བཟོ་རྩལ་ཁང་གི་ཁོ་ཡོན་ཡུང་ཡུས་དང་། མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་རླངས་འཁོར་བཟོ་སྐྲུན་སློབ་གླིང2020ལོའི་རླངས་འཁོར་བཀོལ་སྤྱོད་དང་ཞིག་གསོ་ལག་རྩལ་ཆེད་ལས་ཀྱི་སློབ་མ་ཧོའུ་ཝེ་ཧུའུ་གཉིས་ལ་རྒྱལ་ཡོངས་ཕུལ་བྱུང་གུང་གཞོན་ཚོགས་མིའི་མཚན་སྙན་ཐོབ། མཚོ་སྔོན་ཞིང་ཆེན་མེ་གསོད་མེ་འགོག་མྱུར་སྐྱོབ་སྤྱིའི་རུ་ཁག་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཡན་ལག་རུ་ཁག་ཐེམ་ཆེན་རྫོང་ཞིན་ཡོན་བྱང་ལམ་མེ་འགོག་མེ་གསོད་མྱུར་སྐྱོབ་ས་ཚིགས་གུང་གཞོན་ཚོགས་པའི་ཀྲི་པུའུ་ཧྲུའུ་ཅི་ཝང་ཡོའུ། མཚོ་སྔོན་སློབ་ཆེན་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ལས་མི་ཧན་ལེ། ཀོས་ནན་རྫོང་མང་ར་ཡུལ་ཚོའི་བཅའ་སྡོད་སློབ་ཆུང་ན་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་ཡན་ལེན་ཅའོ་བཅས་ལ་རྒྱལ་ཡོངས་གུང་གཞོན་ཚོགས་པའི་ཕུལ་བྱུང་ལས་བྱེད་པའི་མཚན་སྙན་ཐོབ།

གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་གྱིས་མཚན་སྙན་ལ་སྔར་ལས་གཅེས་སྤྲས་བྱེད་པ་དང་། མུ་མཐུད་དུ་གྲུབ་འབྲས་དར་སྤེལ་གཏོང་བ་དང་མུ་མཐུད་འབད་འཐབ་བྱས་ནས། ཏང་དང་མི་དམངས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། རྒྱལ་ཡོངས་རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་དང་རྒྱ་ཆེའི་གུང་གཞོན་ཚོགས་མི། གུང་གཞོན་ཚོགས་པའི་ལས་བྱེད་པ་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། དུས་སྐབས་དང་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་དང་ཏང་དང་མི་དམངས་ཀྱི་རེ་སྒུག་སྟོང་ཟད་དུ་མི་གཏོང་བར། ཀྲུང་གོའི་ན་གཞོན་ཡུན་རིང་འབད་འཐབ་བྱེད་པའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། ནམ་ཡང་ཏང་གི་རྗེས་སུ་འབྲངས་པ་དང་འཐབ་ལམ་གསར་བར་བསྐྱོད་དེ། ལང་ཚོའི་གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་རྒྱུའི་རེ་བ་བཏོན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།