ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཀྱིས་བྱེད་ཐབས་སྣ་མང་སྤྱད་ནས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ཐག་གཅོད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕན་ནུས་ལྡན་པའི་སྒོ་ནས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ཐག་གཅོད་བྱ་ཆེད། ཟི་ལིང་གྲོང་མཁར་ནུབ་ཆུས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་གཏན་འབེབས་བྱས་དོན། ཟླ4པའི་ཚེས20ཉིན་ཁོངས་གཏོགས་ཆུས་ཀྱི་གཙོ་གནད་སྒོ་རྩིས་ཚོང་ཁང་དང་། སྡེ་ཁུལ་གྱི་སྟབས་བདེའི་ཚོང་ཁང་། སྨན་རྫས་ཚོང་ཁང་བཅས་ཀྱི་ལས་གཉེར་དུས་ཚོད་ནི་ཆུ་ཚོད་9:00—21:00བར་ཡིན་པ་དང་། ཟླ4པའི་ཚེས་21ཉིན་གྱི་ཉིང་སྐྱུར་བརྟག་དཔྱད་སྐབས་ཀྱི་ལས་གཉེར་དུས་ཚོད་ནི་ཆུ་ཚོད15:00ནས22:00བར་འཇོག་པར་གཏན་འཁེལ་བྱས།

མཁར་ནུབ་ཆུས་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ནས་རྒྱ་ཆེའི་གྲོང་མི་ཚོར་སྟབས་བདེ་བསྐྲུན་ཡོད། ཁོངས་གཏོགས་ཆུས་ཀྱི་རྒྱ་ཆེའི་གྲོང་མིས་ངེས་པར་དུ་འཇགས་རྣམ་རྣམ་པའི་དོ་དམ་བྱ་ཐབས་ཁག་ལ་མུ་མཐུད་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ། “ཨང་རིས་གཉིས”བཤེར་བ་དང་། ཁ་ཐུམ་རྒྱག་པ། “སྨི་གཉིས་ཀྱི་བར་ཐག”འཇོག་པ་སོགས་ཀྱི་བླང་བྱ་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་། རང་ཉིད་ཀྱི་འགོག་སྲུང་བཟང་པོ་བྱེད་པ། དུས་ཐོག་ཏུ་བརྟག་དཔྱད་ནང་ཞུགས་པ། ཐག་ཉེ་ནས་བསྡུ་ཉོ་བྱེད་པ། རྗེས་དཔག་གི་འཛད་སྤྱོད་དང་གོ་རིམ་ལྡན་པའི་ངང་ཕྱིར་སྐྱོད་པ་བཅས་བྱེད་དགོས།

དེ་དང་ཆབས་ཅིག་མཁར་ནུབ་ཆུས་ཀྱི་འཇགས་རྣམ་དོ་དམ་སྐབས་མང་ཚོགས་ཀྱིས་དམིགས་བསལ་གྱི་སྨན་ཉོ་སྐབས་འཕྲད་པའི་གནད་དོན་ཐག་གཅོད་བྱ་ཆེད། མཁར་ནུབ་ཆུས་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་མཁར་ནུབ་ཁུལ་ཞིས་ཀོན་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་ཆེད་དོན་ལས་གནས་བཙུགས་ནས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་མཐུན་སྦྱོར་བྱས་ཏེ་གྲོང་མིར་དམིགས་བསལ་གྱི་སྨན་རྫས་སྔོན་མངགས་བྱེད་རོགས་བྱས། དམིགས་བསལ་སྨན་རྫས་དགོས་མཁོ་ཡོད་པའི་གྲོང་མིས་རང་སོ་སོའི་སྨན་རྫས་ཀྱི་མིང་སྡེ་ཁུལ་ཁག་ལ་མཁོ་འདོན་བྱེད་པ་དང་། སྡེ་ཁུལ་ཁག་གིས་སྡོད་དམངས་ལ་མཁོ་བའི་སྨན་གྱི་དཀར་ཆག་གསལ་ཐོ་དང་། སྡོད་དམངས་ཀྱི་ཁ་པར།(ངེས་པར་ཡོད་དགོས)ཁྱིམ་ཚང་གི་སྡོད་གནས་བཅས་ཉིན་གཅིག་གི་སྔ་སྣུར་དུ་ཞིས་ཀོན་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ལ་མཁོ་འདོན་དང་། ཞིས་ཀོན་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་འབྲེལ་ཡོད་སྨན་ཁང་དང་འབྲེལ་བ་བྱས་ནས། སྨན་བསྡུ་ཉོ་བྱས་རྗེས་སྡེ་ཁུལ་ཁག་ལ་སྡེབ་སྐྱེལ་སྒོས་སྡོད་དམངས་ལ་མཁོ་སྤྲོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།