ཀྲུང་གོ་བོད་ཀྱི་དྲ་བ།

མགོན་པོ་བཀྲ་ཤིས་ཀྱིས་རིམས་ནད་སྐབས་སུ་ཁེ་ལས་ཀྱི་ཐོན་སྐྱེད་དང་རིམས་འགོག་བྱ་བར་རྟོག་ཞིབ་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཨུ་ཡོན་སྐོར་གཅིག་གི་སྣེ་ཁྲིད་དེ་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་དམངས་གཉེར་ཁེ་ལས་ཀྱི་འགན་ཁུར་པ་ཞིག་ཡིན་པའི་ངོས་ནས་རིམས་ནད་འགོག་སྡོམ་རྒྱུན་རྣམ་ཅན་གྱི་གནས་ཚུལ་འོག་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཇི་ལྟར་དམ་འཛིན་བཟང་པོ་བྱེད་པར་རྟོག་ཞིབ་གནང་། 

མཚོ་སྔོན་ཐའེ་ཧྥུན་སྔོན་སྐྱོད་ལིས་ནུས་ཚན་རྩལ་ཚད་ཡོད་ཀུང་སི་རུ་མགོན་པོ་བཀྲ་ཤིས་དང་བཅས་པས་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་སྐྱོད་དང་། རིམས་ནད་འགོག་སྡོམ། ཟོག་འགྲེམས་སྐྱེལ་འདྲེན། མི་སྣ་ལས་ཞུགས་སོགས་ཀྱི་གནས་ཚུལ་དང་དཀའ་ངལ་དང་གནད་དོན་ལ་རྒྱུས་ལོན་གནང་བ་དང་། མཚོ་སྔོན་ཐའེ་ཧྥུན་སྔོན་སྐྱོད་ལིས་ནུས་ཚན་རྩལ་ཚད་ཡོད་ཀུང་སིས་རིམས་ནད་འགོག་སྡོམ་སྐབས་སུ་སྤྱད་པའི་བྱེད་ཐབས་ནུས་པ་ལྡན་པ་དང་ཁ་གཏད་གཅོག་ནུས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁེ་ལས་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། རིམས་ནད་འགོག་སྡོམ་བྱེད་ཐབས་ཁག་ཞིབ་ཚགས་སུ་བཏང་ནས། གོ་རིམ་ལྡན་པའི་སྒོ་ནས་ཐོན་སྐྱེད་གཉེར་སྐྱོང་དང་སྦྲེལ་མཐུད་ཡག་པོ་བྱེད་པ་སོགས་ཁྲོམ་ར་འཕེལ་རྒྱས་ལ་དམ་འཛིན་བཟང་པོ་བྱས།

མགོན་པོ་བཀྲ་ཤིས་ཀྱིས་མིག་སྔའི་རིམས་ནད་འགོག་སྡོམ་གྱི་དུས་བབ་སྔར་བཞིན་ཛ་དྲག་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཐུན་མོང་སྒོས་རིམས་ནད་འགོག་སྡོམ་བྱ་བ་ལེགས་པོར་བསྒྲུབས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་འགོག་སྡོམ་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས། ཁེ་ལས་ཀྱི་རིམས་ནད་སྔོན་འགོག་གི་བྱེད་པོའི་འགན་འཁྲི་གཟབ་ནན་དུ་བཏང་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། རིམས་ནད་འགོག་སྡོམ་བྱ་རྒྱུ་ནི་མིག་སྔའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་སྒོས་ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་བྱེད་པར་སྐུལ་འདེད་གཏོང་དགོས། ལྷུ་ཚིགས་རེ་རེའི་འགོག་སྡོམ་བྱེད་ཐབས་ཇི་མ་ཇི་བཞིན་དོན་འཁྱོལ་དང་། གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་པ། ཁྱོན་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་ཞིབ་ཚགས་བྱེད་པ། དོན་འཁྱོལ་ཞིབ་ཕྲ་བྱས་ནས་ཐོ་འགོད་དང་། ལུས་པོར་བརྟག་དཔྱད་ཚད་ལེན། དུག་སེལ་འགོག་སྲུང་། བདེ་འཇགས་དོ་དམ་སོགས་ཀྱི་རིམས་ནད་འགོག་སྡོམ་བྱེད་ཐབས་ཁག་དོན་འཁྱོལ་བྱེེད་པ། ནན་ནན་ཏན་ཏན་ཀྱི་སྒོ་ནས་རིམས་ནད་འགོག་སྡོམ་ལས་དོན་ལ་དམ་འཛིན་བཟང་པོ་བཅས་བྱེད་དགོས། རིམས་ནད་ཀྱི་ཤུགས་རྐྱེན་ཧུར་ཐག་སྒོས་སེལ་བ་དང་། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བཟང་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་དང་། བརྟན་འཇགས་གོང་འཕེལ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་ཐོན་སྐྱེད་བརྟན་འཇགས་ལ་གོ་རིམ་ལྡན་པ་ཡོང་བར་འགན་ལེན་དང་། ཐོན་ནུས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འདོན་སྤེལ་བྱེད་པ་བཅས་བྱས་ཏེ། རིམས་ནས་འགོག་སྡོམ་ལ་ལྷོད་གཡེང་མི་གཏོང་བ་དང་འཕེལ་རྒྱས་ཀྱི་གོམ་སྟབས་སྤོ་མཚམས་མི་འཇོག་པར་འགན་ལེན་བྱེད་དགོས་པར་ནན་གྱིས་བསྟན་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།