ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གི་རིམས་འགོག་གནས་ཚུལ་སྤྱིའི་ཆ་ནས་ཚོད་འཛིན་དང་སྔོན་འགོག་བྱེད་ཐུབ་པ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས17ཉིན། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། མཁར་ཤར་ཁུལ་གྱི་རེས་སྐོར་བཞི་པའི་ས་ཁོངས་སུ་ཉིང་སྐྱུར་བརྟག་དཔྱད་དང་། མཁར་དབུས་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་ཀྱི་རེས་སྐོར་གཉིས་པའི་ས་ཁོངས་སུ་ཉིང་སྐྱུར་བརྟག་དཔྱད་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད། འབྲེལ་ཡོད་གནད་དོན་ཐད་ཀྱི་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་བསྐྱོན། 

ཟླ4པའི་ཚེས17ཉིན་གྱི་ཆུ་ཚོད16བར། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་རེས་སྐོར་བཞི་པའི་ས་ཁོངས་སུ་ཉིང་སྐྱུར་བརྟག་དཔྱད་བྱས་པ་དང་། མཁར་དབུས་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་ཀྱི་རེས་སྐོར་གཉིས་པའི་ས་ཁོངས་སུ་ཉིང་སྐྱུར་བརྟག་དཔྱད་དང་གདམ་གཤེར་བྱས་པའི་ཁྲོད། ཁྱོམ་བསྡོམས་པས་མི་ཁྲི148.9541ལ་བརྟག་དཔྱད་བྱས་ཤིང་། དེའི་ཁྲོད་མཁར་ཤར་ཁུལ་གྱི་གདམ་བཤེར་མི་ཚོགས་ཁྲོད་གདགས་གཤིས་མ་དཔེ་མངོན་པའི་མི10དང་། མཁར་ཤར་གཅིག་བསྡུས་དོ་དམ་ཚོད་འཛིན་མི་སྣའི་ཁྲོད་གདགས་གཤིས་མ་དཔེ་མངོན་པའི་མི5ཡོད་པ་དང་། གཞན་པའི་མ་དཔེ་བརྟག་དཔྱད་བྱས་པའི་མཇུག་འབྲས་ཚང་མ་སྲིབ་གཤིས་ཡིན་པ་རེད། ཟླ4པའི་ཚེས3ཉིན་ནས་བཟུང་གྲོང་ཁྱེར་ཡོངས་སུ་སྡོམ་རྩིས་བྱས་ན་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ22དང་། ནད་རྟགས་མེད་པའི་འགོས་ནད་ཅན43། ནད་ངོས་འཛིན་མ་བྱས་པའི་རིགས་དབྱེ་རྣམ་པའི་གདགས་གཤིས་མི་སྣ15བཅས་ཡོད་པ་རེད། ནད་དཔེ་གཏན་འཁེལ་བྱས་པའི་ནད་པ4སྨན་ཁང་ནས་ཕྱིར་བུད་པ་དང་། ནད་རྟགས་མེད་པའི་འགོས་ནད་ཅན3ལ་གསོ་རིག་གི་ལོག་བཀར་ལྟ་ཞིབ་མེད་ལས་གྲོལ་བ་དང་། ནད་པ་གཞན་རྣམས་ཀྱི་ནད་གཞི་བརྟན་འཇགས་སྒོས་ཇེ་བཟང་དུ་འགྲོ་བཞིན་ཡོད

རེས་སྐོར་འདིའི་རིམས་ནད་བྱུང་རྗེས། ཟི་ལིང་གྲོང་ཁྱེར་གྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྲ་བསྟན་གྱི་མགོ་ཁྲིད་དང་། ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་རྒྱབ་སྐྱོར་དང་མཛུབ་སྟོན་ཤུགས་ཆེན་འོག གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས“ཕྱི་རིམས་ནང་དུ་མཆེད་པ་སྔོན་འགོག་དང་། ནང་རིམས་ཡང་བསྐྱར་མཆེད་པ་སྔོན་འགོག”གི་སྤྱིའི་ཐབས་ཇུས་དང“འགུལ་རྣམ་གཙང་མ”ཡི་སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་དང་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་བྱས། མིག་སྔར་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དུས་བབ་ཀྱི་ངོས་ནས་བརྗོད་ན། ཛ་དྲག་དང་རྙོག་འཛིང་ཆེ་བའི་གནས་བབ་དང་འཕྲད་ཡོད་པས་འགོག་སྡོམ་གྱི་གནོན་ཤུགས་དང་ལས་འགན་དཀའ་ཚེགས་ཆེ་མོད། འོན་ཀྱང་སྤྱི་ཡོངས་ཀྱི་གནས་ཚུལ་ལ་ཚོད་འཛིན་དང་སྔོན་འགོག་ཐུབ་པ་བྱུང་ཡོད། ཟི་ལིང་གྲོང་ཁྱེར་གྱིས་ད་ཡོད་ཀྱི་ནད་པར་སྨན་བསྟེན་སྐྱོབ་བཅོས་དང་ས་ཁོངས་སུ་ཉིང་སྐྱུར་བརྟག་དཔྱད་བྱེད་པར་མུ་མཐུད་དམ་འཛིན་བཟང་པོ་བྱེད་པའི་དུས་མཚུངས་སུ། ནང་ཁུལ་གྱི་མི་མངོན་པའི་ཉེན་ཁའི་རྐྱེན་ངན་གྲལ་བཤེར་དང་ཕྱི་རིམས་ནང་དུ་མཆེད་པ་སྔོན་འགོག་དང་། ནང་རིམས་ཡང་བསྐྱར་མཆེད་པ་སྔོན་འགོག་བྱེད་པའི་བྱ་བར་མུ་མཐུད་དུ་ཤུགས་སྣོན་བྱས་ཤིིང་། མུ་མཐུད་དུ་ས་ཁོངས་སུ་ཉིང་སྐྱུར་བརྟག་དཔྱད་བྱེད་པ་དང། གཙོ་གནད་ས་ཁོངས་དང་གཙོ་གནད་མི་སྣའི་མི་མངོན་པའི་ཉེན་ཁ་སྔོག་འདོན་དང་གཙང་སེལ་བཅས་ཡོང་བར་འགན་ལེན་བྱས། མུ་མཐུད་དུ“མི་རེར་སྲིད་ཇུས་རེ་དང་། མི་རེར་དཔེ་གཞི་རེ”དང་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་སྦྲེལ་གྱི་ཕྱོགས་བསྡུས་སྨན་བཅོས་བྱེད་ཐབས་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྨན་བསྟེན་སྐྱོབ་བཅོས་བྱ་བ་ལེགས་པར་བསྒྲུབ་ནས། ནད་པ་ཚང་མར་ཞིབ་ཚགས་སྒོས་སྨན་བཅོས་བྱེད་པར་འགན་ལེན་བྱས་ཏེ། མྱུར་དུ་བདེ་ཐང་སླར་གསོ་ཡོང་བར་བྱས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།