ཀྲུང་གོ་བོད་ཀྱི་དྲ་བ།

པད་མ་རྫོང་གིས་ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་དོན་འཁྱོལ་ཡག་པོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ་བ་ནས་བཟུང་། “སྲིད་ཇུས་གླེང་བ་དང་དམངས་སེམས་ལ་དྲོད་ཁོལ་སྦྱིན་པ། དམངས་འཚོར་ཕན་བདེ་སྐྲུན་པ”བཅས་དམིགས་འབེན་དུ་བཟུང་ནས། ཕྱོགས་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་ཡང་དག་པ་དང་གཏིང་ཟབ་པའི་སྒོ་ནས་སྒྲོག་འགྲེལ་བྱས་པ་དང་། རྒྱུན་མཐུད་ངང་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་བས། ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་གཏིང་ཟབ་པའི་ངང་ནས་དོན་འཁྱོལ་ཡག་པོ་བྱས།

ད་ལོའི་ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྐབས་སུ། པད་མ་རྫོང་གིས2021ལོའི“ཞིང་གསུམ”བྱ་བའི་གྲུབ་འབྲས་ཕྱོགས་སྡོམ་དང་ཕྱིར་དྲན་བྱེད་པའི་རྨང་གཞིའི་སྟེང་། 《2022ལོའི་པད་མ་རྫོང་གི་ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་དེ་ཞིང་གསུམ་བྱ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བའི་བྱ་འགུལ་སྤེལ་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་པའི་ལག་བསྟར་ཇུས་གཞི》གཏན་འབེབས་བྱས་ཏེ་བཀྲམ་པ་དང་། བསྡོམས་པས་ལས་བྱེད་པ231སྐོང་འཐེན་བྱས་ནས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པས་ཡུལ་དེ་སྲིད་འཛིན་སྡེ་བ32སུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་དང་ཏང་གི་དམངས་ཕན་སྲིད་ཇུས་དུས་ཐོག་ཏུ་འབྲོག་པར་བརྒྱུད་སྤེལ་བྱས། དེ་མིན་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་ཁྱིམ་ཚང་དུ་བརྟག་དཔྱད་བྱེད་པ། མི་རེ་རེར་བགྲོ་གླིང་བྱེད་པ། འདྲི་ཤོག་བརྟག་དཔྱད་སོགས་ཀྱི་རྣམ་པས་གཞི་རིམ་གྱི་ལས་ཡུལ་དང་པོ་རུ་སོང་ནས་མང་ཚོགས་ཀྱི་རེ་འདུན་ལ་ཉན་པ་དང་བསམ་ཚུལ་ལ་རྒྱུས་ལོན་བྱས། ད་མིན་ཐོན་ལས་འཕེལ་རྒྱས་དང་སྨན་བཅོས་འཕྲོད་བསྟེན། སློབ་གསོ་སོགས་ཀྱི་གནད་དོན་དང་ཞན་ཆར་གཙོ་གནད་དུ་དམིགས་ནས་ཆེད་དོན་རྟོག་ཞིབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་སེམས་ཁྲལ་ཆེན་པོ་བྱེད་པའི་གནད་དོན་ཐག་གཅོད་བྱས།

པད་མ་རྫོང་གིས་ད་ལོའི་ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ཁྲོད། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་ཟབ་མོ་ཡོད་པའི་ཞན་ཆ་ཐག་གཅོད་བྱས་པ་མ་ཟད། མང་ཚོགས་ལ་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་པ། ཞབས་ཞུ་སྒྲུབ་པ་སོགས་ཀྱི་ཕྱོགས་ནས་ངེས་བ་དོན་གྱིས་གཞི་རིམ་དུ་བསྐྱོད་དེ་དོན་དངོས་དང་བསྟུན་པར་དམངས་ཀྱི་གནས་ཚུལ་རྒྱུས་ལོན་དང་དམངས་ཀྱི་དཀའ་གནད་ཐག་གཅོད་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་ཏེ། སྒྲོག་འགྲེལ་གྱི་མཇུག་མཐའི་ལེ་བར་གཅིག་ཤར་གཏོང་བྱས་པ་མ་ཟད། མང་ཚོགས་ལ་ཞབས་ཞུ་ཡག་པོ་སྒྲུབ་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།