ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས17ཉིན་གྱི་དུས་ཚོད18སྟེང་། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། མཁར་ཤར་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་སྐོར་ཐེངས་བཞི་བ་དང་། མཁར་དབུས་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་ཀྱི་ཉིང་སྐྱུར་བརྟག་དཔྱད་སྐོར་ཐེངས་གཉིས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། མཁར་ཁུལ་གཙོ་བོ་རུ་མུ་མཐུད་དུ་འཇགས་རྣམ་དོ་དམ་ལག་བསྟར་བྱེད་པའི་འབྲེལ་ཡོད་དྲི་བར་ལན་བཏབ།

ཟླ4པའི་ཚེས16ཉིན། ཟི་ལིང་གྲོང་ཁྱེར་གྱིས་སོ་སོར་མཁར་ཤར་ཁུལ་ནས་ཉིང་སྐྱུར་བརྟག་དཔྱད་སྐོར་ཐེངས་བཞི་བ་སྤེལ་བ་དང་། མཁར་དབུས་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་ནས་ཉིང་སྐྱུར་བརྟག་དཔྱད་སྐོར་ཐེངས་གཉིས་སྤེལ།  ཟླ4པའི་ཚེས17ཉིན་གྱི་དུས་ཚོད16བར་དུ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་སྐོར་ཐེངས་བཞི་དང་། མཁར་དབུས་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་སྐོར་ཐེངས་གཉིས་ཀྱི་ཁྲོད། བསྡོམས་པས་མི་ཁྲི148.9541གི་ཉིང་སྐྱུར་མ་དཔེར་བརྟག་དཔྱད་བྱས་ཏེ། མཁར་ཤར་ཁུལ་གྱི་གྲལ་བཤེར་མི་ཚོགས་ཁྲོད་གདགས་གཤིས་ཅན10རྙེད་པ་དང་། མཁར་ཤར་ཁུལ་གྱི་གཅིག་བསྡུས་འགོག་སྡོམ་མི་སྣའི་ཁྲོད་གདགས་གཤིས་ཅན5རྙེད་ལ། མ་དཔེ་གཞན་དག་ཚང་མ་སྲིབ་གཤིས་རེད། 

ཟླ4པའི་ཚེས3ཉིན་ནས་བཟུང་། གྲོང་ཁྱེར་ཡོངས་སུ་བསྡོམས་པས་ནད་རྟགས་ངོས་བཟུང་བའི་ནད་པ22དང་། ནད་རྟགས་མེད་པའི་ནད་པ43བྱུང་ལ། ནད་རྟགས་ངོས་མ་བཟུང་ཡང་ཉིང་སྐྱུར་མཇུག་འབྲས་གདགས་གཤིས་ཡིན་པའི་མི15བྱུང་། ནད་རྟགས་ངོས་བཟུང་བའི་ནད་པ4སྨན་ཁང་ལས་བུད་པ་དང་། ནད་རྟགས་མེད་པའི་ནད་པ3ལ་གསོ་རིག་ལོགས་བཀར་ལྟ་ཞིབ་བྱེད་མཚམས་བཞག་ཡོད་ལ། མི་གཞན་དག་གི་གནས་ཚུལ་ཅུང་བཟང་ལ་བརྟན་འཇགས་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།