ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་སྡོད་མི་སྣ་གནས་སྐབས་སུ་ཟི་ལིང་དུ་མི་ལོག་པའི་འབོད་སྐུལ་ཡི་གེ

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གྲོང་མི་རྣམ་པ།

ཉེ་ཆར། རྒྱལ་ནང་དུ་རིམས་ནད་ཐོན་པའི་ས་ཆ་མང་བ་དང་། མཆེད་རྒྱ་ཆེ་བ། ཡང་དང་བསྐྱར་དུ་ཐོན་བཞིན་ཡོད། ཟི་ལིང་གྲོང་ཁྱེར་དུ་ཉིན་མང་པོའི་ནང་པྲོག་གསར་གློ་ཚད་གདགས་གཤིས་ཡིན་པའི་མི་སྣ་བསྟུད་མར་ཤེས་རྟོགས་བྱུང་། ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན། ཟི་ལིང་གྲོང་ཁྱེར་བཅས་ཀྱིས་པྲོག་གསར་གློ་ཚད་ནད་དུག་འགོས་པའི་རིམས་འགོག་ཚོད་འཛིན་ལས་དོན་ལ་བཀོད་སྒྲིག་སྔར་བས་དོན་འཁྱོལ་བྱས་ཏེ། མི་སྣ་འཁོར་རྒྱུག་བྱས་པ་ལས་བྱུང་བའི་རིམས་ནད་ཀྱི་ཉེན་ཁ་ཆུང་དུ་གཏོང་བ་དང་། པྲོག་གསར་གློ་ཚད་ནད་དུག་གི་མཆེད་ལམ་མཐའ་གཅིག་ཏུ་བཀག་ནས། གྲོང་ཁྱེར་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་ནན་མོ་བྱ་ཆེད། འདིར་གཤམ་གསལ་གྱི་འབོད་སྐུལ་བཏང་བ་སྟེ།

གཅིག ཉེ་དུས་གནས་སྐབས་སུ་ཕྱིར་ཟི་ལིང་དུ་མི་ལོག་པ།

འབོད་སྐུལ་འདི་བཏང་བའི་ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་ཕྱི་ཕྱོགས་སུ་གཉེན་ཉེ་ཐུག་འཕྲད་དང་ཡུལ་སྐོར། སྤྲོ་གསེང་། ཞོར་ལས་སུ་སོང་བ་སོགས་ཀྱི་མི་སྣ་ཚང་མ་གནས་སྐབས་སུ་ཟི་ལིང་དུ་མི་ལོག་པའི་འབོད་སྐུལ་བཏང་བ་ཡིན། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གྲོང་མིས་ས་ཆ་གཞན་དུ་ད་དུང་ཟི་ལིང་དུ་ལོག་མེད་པའི་མི་སྣ་དང་དེ་བཞིན་ཉེ་བའི་རིང་ཟི་ལིང་དུ་ལོག་རྩིས་ཡོད་པའི་གཉེན་ཉེ་དང་གྲོགས་པོར། མྱུར་དུ་ཟི་ལིང་དུ་ལོག་པའི་འཆར་གཞི་ཕྱིར་འཐེན་བྱེད་དགོས་པའི་སྐད་བསྐུར་རོགས། ངེས་པར་དུ་ཕྱིར་ལོག་དགོས་ཚེ་དུས་སྔོན་ནས་རང་འགུལ་ངང་གནས་སའི་སྡེ་ཁུལ(གྲོང་ཚོ་ཚོགས་ཆུང)ལ་སྙན་སེང་ཞུ་དགོས་པ་དང་། རང་འགུལ་ངང་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་དང་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་དོ་དམ་ཚོད་འཛིན་བྱ་ཐབས་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས། གལ་ཏེ་ཟི་ལིང་དུ་ལོག་ཟིན་པའི་ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་ཡོང་བའི་མི་སྣས་ཉིན14ཡི་རིང་གི་གཅིག་སྡུད་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་དང་ཉིན7གྱི་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་བྱས་ནས་གཏན་འབེབས་ལྟར་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱེད་དགོས། ལམ་ཐིག་ཨང་རྟགས་སུ“*”འཆར་བའི་མི་སྣས་ཉིན3རིང་རང་མོས་ངང་ཁྱིམ་སྡོད་ལོགས་བཀར་རམ་ཡང་ན་གཅིག་སྡུད་ལོགས་བཀར་བྱེད་དགོས་པ་མ་ཟད། སྒོ་ཕྱིར་མི་འགྲོ་བ་དང་གཉེན་ཉེར་སྐོར་མི་རྒྱག་པ། མི་ཚོགས་འདུ་འཛོམས་བྱེད་ས་རུ་མི་འགྲོ་བ་བཅས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཕྱི་ནས་ཡོང་བའི་མི་སྣ་ཚང་མས“བཤེར་གཉིས”དང་ཆུ་ཚོད48ནང་གི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་དཔང་ཡིག་དང་། མཚོ་སྔོན་དུ་འབྱོར་རྗེས་ཆུ་ཚོད24ཚུན་དུ་ཉིང་སྐྱུར་བཤེར་འཇལ་ལེན་ཐེངས་གཅིག་བྱེད་དགོས།

གཉིས། རིམས་ནད་དང་འབྲེལ་པའི་ས་ཁུལ་དུ་མི་འགྲོ་བ།

རྒྱ་ཆེའི་གྲོང་མི་རྣམས་ཀྱིས་རྒྱལ་ནང་གི་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་རིམས་ནད་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་མི་འགྲོ་བ་བྱེད་དགོས། ཕྱི་ཕྱོགས་སུ་ཡོད་པའི་གྲོང་མིས་ས་གནས་དེ་གའི་རིམས་འགོག་ཚོད་འཛིན་གྱི་གཏན་འབེབས་ཁག་ལ་བརྩི་སྲུང་ནན་མོ་བྱས་ནས། མི་སྣ་འཁོར་སྐྱོད་བྱེད་རྒྱུ་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་མི་འགྲོ་བ་དང་། རང་འགུལ་ངང་པྲོག་གསར་གློ་ཚད་ནད་དུག་གི་འགོག་ཁབ་རྒྱག་པ། ས་གནས་དེ་གའི་འབྲེལ་ཡོད་བླང་བྱ་ལྟར་རང་འགུལ་ངང་རིམས་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་བཅས་བྱ་དགོས།

གསུམ།    བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱེད་དགོས།

རྒྱ་ཆེའི་གྲོང་མི་རྣམས་ཀྱིས“ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ། རླུང་རྒྱུག་ཏུ་འཇུག་པ། འདུ་ཚོགས་མི་བྱེད་པ། སྨི་གཅིག་གི་བར་ཐག་འཇོག་པ། གཞུང་ཐུར་བཀོལ་བ”སོགས་འཚོ་བའི་གོམས་གཤིས་བཟང་པོ་དང་གཙང་ཞིང་དག་པའི་ཁྱིམ་སྡོད་ཁོར་ཡུག་རྒྱུན་འཁྱོངས་བྱེད་དགོས། ཚོང་ར་དང་སྒོ་རྩིས་ཚོང་ཁང་། འགྲིམ་འགྲུལ་ས་ཚུགས། མགྲོན་ཁང་སོགས་སྤྱི་བའི་ཁོར་ཡུག་ཏུ་སྐྱོད་སྐབས་ངེས་པར་དུ་ཁ་ཐུམ་རྒྱབ་ནས། རང་འགུལ་ངང་བཤེར་རིས་བརྟག་དཔྱད་དང་དྲོད་ཚད་འཇལ་བྱེད་དགོས་པ་ལས། སྤྱི་སྤྱོད་དངོས་རྫས་དང་མི་རེག་པ་བྱ་དགོས་ཤིང་། ལག་པས་ཁ་སྣ་མིག་སོགས་ལ་རེག་པར་མི་བྱ། སྐྲག་སྣང་སྐྱེས་མི་དགོས་ལ་དཀྲོག་གཏམ་ལ་ཡིད་མི་ཆེས་བ། དཀྲོག་གཏམ་མི་བསྒྲགས་པ། སེམས་ཁམས་བཟང་པོ་རྒྱུན་འཁྱོངས་ཀྱིས་སྤྲོ་སྣང་དང་དགའ་བས་ལས་ཀར་ཞུགས་པ་དང་འཚོ་བ་རོལ་བཞིན། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་གནས་ཚུལ་དང་འགོག་སྡོམ་བླང་བྱ་དུས་ཐོག་ཏུ་ཤེས་རྟོགས་བྱེད་དགོས།

གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་གྲོང་མི་ཚོས་ཐུན་མོང་གི་འབད་བརྩོན་འོག ང་ཚོར་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་དམངས་རྣམས་སྐུ་གཟུགས་བདེ་ཐང་དང་ཁྱིམ་གཞིས་བདེ་སྐྱིད་ཡོང་བའི་སྨོན་འདུན་སེམས་ཁོང་ནས་ཞུ།

རི་བརྒྱའི་མེ་ཏོག་ལྷུག་པོར་བཞད་པའི་དུས། མཉམ་དུ་མཛེས་པའི་ཁམས་དེར་ཅིག་ཅར་རོལ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ4པའི་ཚེས17ཉིན།

རྩོམ་སྒྲིག་པ། : བདེ་ལེགས་མཚོ།