ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧེ་རྫོང་མི་དམངས་སྲིད་གཞུང་གིས་ཕྱིར་ཡོང་མི་སྣ་ཞིན་ཧེ་རྫོང་དུ་དབྱར་རྩྭ་དགུན་འབུ་འཐུ་རུ་ཡོང་མི་ཆོག་པའི་བརྡ་ཁྱབ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧེ་རྫོང་མི་དམངས་སྲིད་གཞུང་གི་ཕྱིར་ཡོང་མི་སྣ་ཞིན་ཧེ་རྫོང་དུ་དབྱར་རྩྭ་དགུན་འབུ་འཐུ་རུ་ཡོང་མི་ཆོག་པའི་བརྡ་ཁྱབ།

གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་དང་རྩྭ་ཐང་གི་འདེབས་འཛུགས་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཐད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》།《མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་ལག་བསྟར》།《ཤིང་མངར་དང་སྤང་མཚེ་འཚོལ་བསྡུ་དོ་དམ་བྱ་ཐབས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ཞིན་ཧེ་རྫོང་མི་དམངས་སྲིད་གཞུང་གིས2022ལོར་ཕྱིར་ཡོང་མི་སྣ་ཞིན་ཧེ་རྫོང་དུ་དབྱར་རྩྭ་དགུན་འབུ་འཐུ་བར་ཡོང་མི་ཆོག་པར་གཏན་འབེབས་བྱས།བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཞིན་ཧེ་རྫོང་དུ་དབྱར་རྩྭ་དགུན་འབུ་འཐུ་རུ་ཡོང་བའི་བྱ་སྤྱོད་ཚང་མ་མགོ་སྐོར་བསླུ་བྲིད་ཀྱི་ཁོངས་སུ་གཏོགས་པས། བཀག་སྡོམ་བསླབ་བྱར་མ་ཉན་པར་བཟོས་པའི་གྱོང་གུན་དང་མཇུག་འབྲས་ཚང་མ་རང་ཉིད་ཀྱིས་འགན་འཁུར་དགོས། ། 

 ཞིན་ཧེ་རྫོང་མི་དམངས་སྲིད་གཞུང་གིས་ཆེད་དུ་ཁྱབ་བསྒྲགས་བྱས་པ་ཡིན། 

 2022ལོའི་ཟླ4བའི་ཚེས14ཉིན། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།