ཟི་ལིང་མེ་ཟོན་ཉིང་ལག་རུ་ཁག་གིས་དམངས་ཕན་ཁེ་ལས་ལ་ཕན་པའི་བྱ་ཐབས་ལྔ་སྤྱད་ནས་རིམས་ནད་འགོག་སྡོམ་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། གྲོང་ཁྱེར་གྱི་མེ་ཟོན་བདེ་འཇགས་བཅས་སྤྱི་འདོམས་ཡག་པོ་བྱ་ཆེད། ཟླ4བའི་ཚེས15ཉིན། ཟི་ལིང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་བརྒྱུད་རིམ་ཧྲིལ་པོའི་དྲ་ཐོག་གཞུང་ལས་ཁང་དང་། ཆ་རྐྱེན་མེད་པའི་བདག་གཉེར། ལག་རྩལ་ཞབས་ཞུ། དྲ་ཐོག་མཛུབ་ཁྲིད། དྲ་ཐོག་བློ་འདྲི་བཅས་ཞབས་ཞུའི་འགན་ལེན་བྱེད་ཐབས་ཁག་ལྔ་བཏོན་ནས། མང་ཚོགས་དང་ཁེ་ལས་ཀྱིས་མེ་ཟོན་བདེ་འཇགས་ཀྱི་བྱ་བ་བསྒྲུབ་པར་སྟབས་བདེ་བསྐྲུན། 

མེ་ཟོན་སྡེ་ཁག་གིས་ལག་རྩལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས། སྔོན་དུ་བཀག་སྡོམ་ཁུལ་དང་གཅིག་བསྡུས་ལོགས་བཀར་ས་ཚིགས། འཚོ་བའི་དངོས་ཟོག་གལ་ཆེན་འགན་ལེན་དང་རྒྱལ་ཇུས་དམངས་འཚོའི་རིགས་ཀྱི་ལས་ཁུངས་ལ་ཡུལ་དངོས་སམ་ཡང་ན་རྒྱང་བསྟེན་ཞིབ་བཤེར་མཛུབ་ཁྲིད་ཀྱི་ལས་དོན་སྤེལ་ཏེ། མེ་སྐྱོན་གྱི་རྐྱེན་ངན་གྲལ་བཤེར་དང་། ཉེན་ཁའི་གསལ་བརྡ། མེ་ཟོན་དྲིལ་བསྒྲགས་སོགས་མེ་ཟོན་ལག་རྩལ་གྱི་རོགས་སྐྱོར་ཞབས་ཞུ་སྤེལ། གཙོ་གནད་ལས་ཁུངས་དང་ཉེན་ཁ་ཆེ་བའི་གཙོ་གནད་མིན་པའི་ལས་ཁུངས་ཀྱིས་སྐད་འཕྲིན་གྱི་འབྲེལ་གཏུག་ཚོགས་པ་བཙུགས་ནས། བརྙན་ལམ་དང་ཡང་ན་ཆ་འཕྲིན་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། གནས་ཚུལ་ཁོང་དུ་ཆུད་པ་དང་འབྲེལ་ལས་ཁུངས་སོ་སོའི་རང་བརྟེན་གསུམ་དང་སྤྱི་བསྒྲགས་གཅིག ཁས་ལེན་གཅིག་བཅས་ལ་སྐུལ་འདེད་གཏོང་བ་དང་། མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ལ་རང་བཤེར་བྱསས་ནས། དུས་ཐོག་ཏུ་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་འབྲེལ་གཏུག་དང་རྗེས་འདེད་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།