མཚོ་བྱང་ཁུལ་གྱིས་རིམས་འགོག་རིན་ཐང་སྒོར་ཁྲི100ཡིས་དངོས་ཟོག་སྐྱེལ་འདྲེན་བྱས་ནས་ཟི་ལིང་ལ་རོགས་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས17ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རིན་ཐང་སྒོར་ཁྲི100ཡིས་ལུག་ཤ་དང་སྐམ་ཤ་ཏུན15སྐྱེལ་འདྲེན་བྱས་ནས་ཟི་ལིང་གྲོང་ཁྱེར་ལ་རོགས་སྐྱོར་བྱས་པ་དང་། སྔ་དྲོའི་དུས་ཚོད9དང་སྐར་མ30ཡི་སྟེང་ནུབ་མཚོ་གྲོང་རྡལ་ནས་ལམ་ལ་ཆས། 

མཚོ་བྱང་ཁུལ་གྱིས་ཟི་ལིང་གྲོང་ཁྱེར་ལ་རིམས་ནད་འགོག་བཅོས་ཀྱི་འཚོ་བའི་དངོས་རྫས་རོགས་སྐྱོར་བྱས་ནས། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་ལ་སྐུལ་ལྕག་དང་སྐུལ་མ་བཏང་སྟེ། ཟི་ལིང་གི་མི་རིགས་སོ་སོའི་མང་ཚོགས་ལ་མཚོ་བྱང་མི་དམངས་ཀྱིས་སེམས་ཁྲལ་མཚོན་པ་དང་རྒྱབ་སྐྱོར་བྱས་ནས། ཟི་ལིང་དང་མཚོ་བྱང་གི་ལག་གདང་སྦྲེལ་ནས་མཉམ་དུ་རིམས་ནད་འགོག་བཅོས་དང་དཀའ་ངལ་ཁྱད་བསད་བྱེད་པའི་མཉམ་ཤུགས་ཆེན་པོ་བཏོན།

མཚོ་བྱང་ཁུལ་དང་ཟི་ལིང་གྲོང་ཁྱེར་ནི་ཁྱིམ་མཚེས་ཡིན་པ་དང་ཕན་ཚུན་ལ་རོགས་རམ་བྱེད་ཀྱིན་ཡོད། ཟི་ལིང་ལ་རིམས་ནད་ཐོན་ཚེ་མཚོ་བྱང་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་སེམས་འཁུར་བྱས་པ་མ་ཟད། རིམས་ནད་སྔོན་འགོག་གི་འཐབ་ཕྱོགས་དང་པོའི་གནས་ཚུལ་གྱིས་ཚང་མར་མྱོང་ཚོར་ཟབ་མོ་སྐྱེས་སུ་བཅུག་ཡོད། ཞིང་ཆེན་དང་གྲོང་ཁྱེར་གྱི་སྨན་དོན་མི་སྣས་བཀའ་གསུང་ཐོས་རྗེས་མཚན་མོར་འགུལ་སྐྱོད་བྱས་ཏེ། ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་བསྐྱོད་པ་དང་། དང་བླངས་པ་ཚོ་སྡེ་ཁུལ་རེ་རེ་དང་ཁྲོམ་གཞུང་རེ་རེར་དུས་ཐོག་ཏུ་བསྐྱོད། ད་ལྟ་ནི་ཟི་ལིང་གི་རིམས་ནད་འགོག་སྡོམ་གྱི་གནད་འགག་གི་དུས་སྐབས་ཡིན་པས། མཚོ་བྱང་ཁུལ་གྱིས་ཟི་ལིང་གྲོང་ཁྱེར་དང་མཉམ་དུ་ཕྱར་བ་གྲུ་འདེགས་སྒོས་རིམས་ནད་མཉམ་འགོག་བྱས་ཏེ། རིམས་ནད་འགོག་སྡོམ་ཐད་མཚོ་བྱང་ཁུལ་གྱི་སྟོབས་ཤུགས་ཕུལ་ཡོད། ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།