ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་དར་སྤེལ་གྱི་ཚོད་ལྟའི་སྡེ་བའི་འཛུགས་སྐྲུན་ཏན་ཏིག་གིས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་། མཚོ་སྔོན་ཞིང་ཆེན་ཡོངས་སུ་ཡུལ་ཚོ་དང་གྲོང་བརྡལ་སོ་དགུའི་སྡེ་བ་ཉིས་བརྒྱ་དང་ཉེར་ལྔ་གྲོང་གསེབ་དར་སྤེལ་གྱི་ཚོད་ལྟ་བྱེད་སར་བདམས་ཏེ། ལོ་གསུམ་ཡས་མས་ཀྱི་དུས་ཚོད་སྤྱད་དེ་འཛུགས་སྐྲུན་བྱས་པ་བརྒྱུད། དཔེ་ལྟ་བྱ་ཆོག་པ་དང་ཁྱབ་གདལ་བཏང་ཆོག་པའི་མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་གྱི་ཉམས་མྱོང་རྣམ་པ་ཞིག་བསྐྲུན་པར་འཚོལ་ཞིབ་བྱ་རྩིས་ཡོད། མིག་སྔའི་བར་དུ་ཞིང་ཆེན་ཡོངས་ཀྱིས་དབུལ་ཐར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་བྱེད་པར་དམིགས་ནས། ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པར་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་དྲུག་དོན་འཁྱོལ་བྱས་ཏེ། ཞིང་པའི་ཐོན་སྐྱེད་དང་ཡོང་འབབ་འཕར་བ་དང་ཞིང་སྡེ་བརྟན་འཇགས་དང་བདེ་འཇགས་ཡོང་བར་སྐུལ་འདེད་ཆེན་པོ་བཏང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་ཞིང་ཆེན་ཡོངས་ཀྱིས་འདེབས་འཛུགས་ལས་རིགས་ཀྱི་ལས་གཞི་གྱ་བདུན་དང་། གསོ་སྤེལ་ལས་གཞི་བརྒྱ་དང་བཅུ་གཉིས་ལག་བསྟར་བྱས་ལ། གྲོང་གསེབ་ཀྱི་ཡུལ་སྐོར་ལས་གཞི་ང་དྲུག་གསར་འཛུགས་དང་སྒྱུར་འཛུགས་བྱས་ཏེ། སྡེ་བ་རིམ་པའི་ཞིང་ཕྱུགས་ཐོན་ལས་དར་རྒྱས་གོང་འཕེལ་དུ་བཏང་ནས། ཐོན་ལས་ཀྱིས་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་བཏང་། དེས་མི་ཚད་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་ས་ཡ་བདུན་གཅིག་སྡུད་བྱས་ཏེ། སྡེ་བ་ནང་ཁུལ་གྱི་ཆུ་བེད་སྒྲིག་ཆས་བཅུ་བདུན་དང་། ཆུ་འདོན་སྦུག་ལམ་སྤྱི་ལེ་ཉིས་བརྒྱ་དང་དྲུག བཙོག་ཆུའི་སྦུག་ལམ་སྤྱི་ལེ་ཉིས་བརྒྱ་དང་ང་དྲུག གད་སྙིགས་ཐག་གཅོད་བྱེད་ས་ཆུང་བ་བཅོ་བརྒྱད། གྲོང་རྡལ་གྱི་ལམ་སྤྱི་ལེ་ཉིས་བརྒྱ་དང་ཞེ་ལྔ་བཅས་བསྒྱུར་བཀོད་བྱས་པ་དང་། ཆུ་ལམ་སྤྱི་ལེ་དོན་དྲུག་བཅོས་སྐྱོང་བྱས་པས། ཚོད་ལྟའི་སྡེ་བའི་རྨང་གཞིའི་སྒྲིག་ཆས་ཆ་ཚང་སྔར་ལས་འཐུས་ཚང་དུ་སོང་བ་དང་། སྡེ་བའི་རྣམ་པ་ཕན་ནུས་ལྡན་པར་མཐོར་འདེགས་བྱུང་ཡོད།

དེ་དང་མཉམ་དུ། ས་ཆ་སོ་སོས་མང་ཚོགས་ཀྱིས་དཔྱད་འཇོག་བྱེད་པ་དང་། སྐར་མ་བསགས་ནས་འགྲན་སྡུར་བྱེད་པ། སྒོ་མདུན་གྱི་འགན་གཙང་ལེན་གསུམ་སོགས་ཀྱི་བྱེད་ཐབས་ཧུར་ཐག་གིས་ཁྱབ་གདལ་དུ་བཏང་ནས། ཞིང་སྡེའི་རྙོག་འཛིང་དྲུག་གི་རྣམ་པ་བཅོས་སྐྱོང་བྱས་པ་དང་། ཡ་རབས་ཚུལ་བཟང་དར་སྤེལ་བྱས་ཏེ། ཚོད་ལྟའི་སྡེ་བས་ཁོར་ཡུག་དང་གྲོང་གསེབ་ལེགས་བཅོས་བྱེད་པའི་ནུས་ལྡན་གྱི་རྣམ་པ་འཚོལ་ཞིབ་བྱེད་པར་སྐུལ་སློང་བྱས་པས། སྡེ་བའི་རྣམ་པ་ལེགས་ཤིང་དང་དོ་དམ་ལ་ནུས་པ་ལྡན་ཞིང་། ཡུལ་སྲོལ་བཟང་བའི་ཞིང་སྡེ་གསར་པ་སྐོར་ཞིག་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།