ཀྲུང་གོ་བོད་ཀྱི་དྲ་བ།

ཁོང་ཡུང་གིས་ཟི་ལིང་གྲོང་ཁྱེར་དུ་ཁོངས་ཡོངས་ཉིང་སྐྱུར་བརྟག་དཔྱད་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་ཞི་ཀོན་ལམ་སློབ་ཆུང་དང་། ཞང་ཀི་ལིས་ལཱ་ཚོང་ལས་ལྟེ་གནས། རྨ་ཆུ་ལམ་ཐིག་ལེན་རིས་འབྲི་ཐོག་ཁང་བཅས་ཀྱི་ཉིང་སྐྱུར་བརྟག་དཔྱད་བྱེད་སར་སོང་ནས་ཁོངས་ཡོངས་ཉིང་སྐྱུར་བརྟག་དཔྱད་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། མི་སྣ་རྩ་འཛུགས་དང་བརྟག་དཔྱད་བརྒྱུད་རིམ། བརྟག་དཔྱད་ནུས་པ། བརྟག་དཔྱད་འཕེལ་རིམ། མི་སྣ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་པར་མ་ཟད། བདེ་འཇགས་ཡིན་ཞིང་གོ་རིམ་ལྡན་པའི་སྒོ་ནས་བརྟག་དཔྱད་བྱ་བ་སྒྲུབ་པར་ཡུལ་དངོས་ནས་མཛུབ་སྟོན་བྱས་པ་དང་བྱ་བར་རེ་བ་བཏོན།

ཁོང་ཡུས་གིས་བསྟན་དོན། ཉིང་སྐྱུར་བརྟག་དཔྱད་ནི་གནད་ལ་འཁེལ་ཞིང་ནུས་པ་ལྡན་པར་རིམས་ནད་འགོག་སྡོམ་བྱེད་པའི་ཐབས་ཤེས་གལ་ཆེན་ཡིན་ལ། ཚད་དང་ལྡན་ཞིང་བདེ་འཇགས་ཡིན་ལ་གོ་རིམ་ལྡན་པ་ནི་ཉིང་སྐྱུར་བརྟག་དཔྱད་བྱ་བའི་གཞི་རྩའི་རེ་བ་ཡིན། ཐེངས་འདིའི་ཁོངས་ཡོངས་ཉིང་སྐྱུར་བརྟག་དཔྱད་ཐད་མི་མང་བ་དང་ལས་འགན་ལྗིད་ལ། རེ་བ་མཐོ། འབྲེལ་ཡོད་ཕྱོགས་སོ་སོས་རྩ་འཛུགས་ལ་ཤུགས་སྣོན་དང་ཇུས་གཞི་ལེགས་སྒྱུར་བྱས་ཏེ་སྐོར་ཁག་དང་དུས་རིམ་བསྣོལ་ནས་གོ་རིམ་དང་ལྡན་པར་བརྟག་དཔྱད་བྱེད་དགོས་པ་དང་། ཚད་ཆེས་མཐོན་པོས་མང་ཚོགས་ཀྱིས་སྒུག་ཡུན་ཇེ་ཐུང་དང་མི་སྣ་འདུ་རུབ་བྱེད་ཚད་ཇེ་ཉུང་། བརྟག་དཔྱད་བྱ་བའི་ཕན་འབྲས་ཇེ་ཆེ་བཅས་སུ་གཏོང་དགོས། སྟོབས་ཤུགས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། སྡེ་ཁུལ་གྱི་ལས་བྱེད་པ་དང་དང་བླངས་པའི་ནུས་པ་བཟང་པོར་འདོན་པ་དང་། མང་ཚོགས་ཀྱིས་རང་འགུལ་སྒོས་གཞོགས་འདེགས་བྱེད་པར་སྐུལ་སློང་བྱས་ཏེ། བརྟག་དཔྱད་བྱ་དགོས་པ་ཚང་མར་བརྟག་དཔྱད་བྱས་ནས་ཁྱིམ་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པར་བྱེད་དགོས། ཞབས་ཞུ་འགན་སྲུང་བྱེད་ཐབས་ལེགས་སྒྱུར་བྱས་ཏེ། བྱིས་པ་དང་རྒན་པ་སོགས་དམིགས་བསལ་མི་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། གེགས་མེད་བགྲོད་ལམ་ཕྱེས་ཏེ། ཁོ་ཚོས་སྔོན་ལ་བརྟག་དཔྱད་བྱེད་པར་བཀོད་སྒྲིག་བྱེད་དགོས་ལ། འགྲོ་སྐྱོད་མི་བདེ་བའི་མི་ཚོགས་ལ་ཁྱིམ་ནས་བརྟག་དཔྱད་བྱས་ཏེ། སྟབས་བདེ་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། སྨོན་བཅོས་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། གྲང་འགོག་དྲོད་སྲུང་དང་རེས་སྐོར་ལས་རེས་སོགས་ཀྱི་འགན་སྲུང་བྱེད་ཐབས་བཟང་པོར་སྤྱད་ནས། ཚང་མ་སེམས་ཤུགས་ཆེན་པོས་བྱ་བའི་ཁྲོད་དུ་ཞུགས་སུ་འཇུག་དགོས་པ་དང་། རིམས་འགོག་བྱ་བར་དྲོད་ཁོལ་ལྡན་པར་བྱེད་དགོས། ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། སྨི་གཉིས་ཀྱི་བར་ཐག་འཛིན་པ་དང་། ཁ་ཐུམ་རྒྱག་པ། ཁོར་ཡུག་ལ་དུག་སེལ་བྱེད་པ་སོགས་ཀྱི་རིམས་འགོག་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ། རིམས་ནད་བསྣོལ་འགོས་འབྱུང་བའི་ཉེན་ཁ་ཚད་ཆེས་མཐོ་བའི་སྒོ་ནས་ཇེ་ཆུང་དུ་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་ཁོངས་ཡོངས་ཉིང་སྐྱུར་བརྟག་དཔྱད་བྱ་བ་ཚད་དང་ལྡན་ཞིང་བདེ་འཇགས་ཡིན་ལ་གོ་རིམ་ལྡན་པར་སྒྲུབ་པར་འགན་སྲུང་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།