ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སྨི་ཁི་རོན་གཞན་འགྱུར་ནད་དུག་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན་གྱི་དགོང་མོར། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧའེ་ཐའོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཟླ4པའི་ཚུན་ལ། ཟི་ལིང་གི་ཐེངས་འདིའི་རིམས་ནད་མཆེད་པའི་ནད་དུག་དེ་གཙོ་བོ་ཨོ་སྨི་ཁི་རོན་གཞན་འགྱུར་ནད་དུག་ཡིན་པ་དང་། ཁྱབ་མཆེད་དྲག་ཚད་ཆེ་ཞིང་ཁྱབ་མཆེད་འགྲོས་ཚད་མགྱོགས་པ། ཁྱབ་མཆེད་བྱེད་སྟངས་ལྐོག་གྱུར་ཡིན་པའི་ཁྱད་ཆོས་བཅས་ལྡན།

ཁོས་ཡང་བསྐྱར་གྲོང་མི་ཡོངས་ལ་གསལ་འདེབས་བྱས་པར། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་། ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ། སྤྱི་ཚོགས་འབྲེལ་བའི་བར་ཐག་འཇོག་པ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཐུར་བཀོལ་བ་དང་འདུ་འཛོམས་ཉུང་བ། མཁའ་རླུང་རྒྱུག་ཏུ་འཇུག་པ་བྱེད་དགོས་ལ། དུས་ཐོག་ཏུ་པྲོག་གསར་གློ་ཚད་ཀྱི་འགོག་ཁབ་རྒྱག་དགོས། སྡེ་ཁུལ་གྱི་རིམས་འགོག་བྱེད་ཐབས་ཚང་མ་གཟབ་ནན་སྒོས་བརྩི་སྲུང་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།