མཱ་ཆེ་གེ་མོ་སོགས་མི3ཁྲིམས་ལྟར་ཉེས་དོན་ཁྲིམས་སྦྱོར་བྱས།

ཟླ4པའི་ཚེས3ཉིན། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བྲེལ་མྱུར་བརྡ་སྦྱོར་བཏང་སྟེ། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ཀྱི་ནད་པ5བྱུང་ཡོད་ལ། ཁོ་ཚོ་ནི་ཧྲང་ཧེ་གྲོང་ཁྱེར་ནས་ཕྱིར་ཟི་ལིང་དུ་ལོག་མཁན་ཡིན་པ་བསྒྲགས། 

ཞིབ་བཤེར་བྱས་པ་བརྒྱུད། ཟླ3པའི་ཚེས30ཉིན་གྱི་དགོང་མོའི་ཆུ་ཚོད10ཡས་མས་སུ། མཱ་ཆེ་གེ་མོ་བཅས་པའི་མི5ཧྲང་ཧེ་གྲོང་ཁྱེར་ནས་སྒེར་འཁོར་བསྐོར་ནས་ལམ་ལ་ཆས་ཤིང་། ཟླ4པའི་ཚེས1ཉིན་གྱི་ཞོགས་པའི་ཆུ་ཚོད5ཡས་མས་སུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འབྱོར། ཁོ་ཚོ་ཡུལ་ལ་ཐོན་མ་ཐག་སྡོད་ཁུལ་དུ་ཐོ་འགོད་མ་བྱས་པ་མ་ཟད། ད་དུང་ཉེ་མི་དང་མཉམ་དུ་འདུ་འཛོམས་བྱས་ཤིང་། གཉེན་ཉེ་ཕན་ཚུན་བར་འཚམས་འདྲིར་སོང་སྟེ། རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་གཏན་འཁེལ་དང་འགལ་ནས་རིམས་ནད་མི་གཞན་ལ་འགོས་པར་བྱས་པས། མཇུག་འབྲས་ཚབ་ཆེན་བྱུང་ཞིང་ཤུགས་རྐྱེན་ངན་པ་བཟོས། བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་བཅུ་པའི་གཏན་འཁེལ་དང་འགལ་ནས་འགོས་ནད་སྔོན་འགོག་ལ་གཏོར་བརླག་བཟོས་པའི་ནག་ཉེས་བསགས་པར་དོགས་པ་ཡོད་པས། མཁར་ཤར་ཁུལ་སྤྱི་བདེ་ཡན་ལག་ཅུའུ་ཡིས་གྱོད་དོན་བཙུགས་ནས་མྱུལ་ཞིབ་བྱས་པ་བརྒྱུད། ཟླ4པའི་ཚེས15ཉིན། དོགས་ཡོད་ཉེས་ཅན་མཱ་ཆེ་གེ་མོ་དང་། ཡེ་ཆེ་གེ་མོ། ཡའེ་ཆེ་གེ་མོ།(མོ)བཅས་ལ་ཉེས་དོན་བཙན་ཤུགས་བྱེད་ཐབས་སྤྱད་ཡོད། 

ཉེན་རྟོག་པའི་གསལ་འདེབས། 

རིམས་ནད་འགོག་སྡོམ་ཐད་མི་རེ་རེར་འགན་འཁྲི་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱིས་རང་འགུལ་ངང་རིམས་ནད་སྔོན་འགོག་བྱ་བར་གཞོགས་འདེགས་དང་། གཏན་འཁེལ་སྒྲིག་ལམ་བརྩི་སྲུང་བྱེད་དགོས། རིམས་ནད་སྔོན་འགོག་བྱ་བར་རམ་འདེགས་མ་བྱས་ཚེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་སྔོན་འགོག་བཅའ་ཁྲིམས》དང་འགལ་ཡོད་ཕྱིར། རིམས་ནད་མཆེད་པའམ་ཡང་ན་རིམས་ནད་མཆེད་པའི་ཉེན་ཁ་ཆེ་བའི་རིགས་ལ། སྤྱི་བདེ་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱས་ཏེ་བཅའ་ཁྲིམས་འགན་འཁྲི་བདའ་བྱེད་ངེས་ཡིན། 

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་ཤར་སྤྱི་བདེ་ཡན་ལག་ཅུའུ་ཡིས། 

2022ལོའི་ཟླ4པའི་ཚེས15ཉིན། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།