ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་སྦྱོར། (ཨང28པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ4པའི་ཚེས16ཉིན་གྱི་ཆུ་ཚོད4དང་སྐར་མ56གི་སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་མི4ཇེ་མང་དུ་སོང་ཡོད་ལ།   དེར་འབྲེལ་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གདགས་གཤིས་ཡིན་པའི་མི་སྣ55པ། ཕོ། ལོ1དང་ཟླ10། ནད་རྟགས་གཏན་ཁེལ་བྱུང་བའི་ནད་དཔེ10པར་འབྲེལ་འདྲིས་དམ་ཟབ་ལྡན། མཁར་ཤར་ཁུལ་དུ་ལོགས་བཀར་དོ་དམ་བྱེད་སྐབས་ཉིང་སྐྱུར་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་། 

གདགས་གཤིས་ཡིན་པའི་མི་སྣ56པ། མོ། ལོ30ཡིན།   ནད་རྟགས་མེད་པའི་ནད་པ34པར་འབྲེལ་འདྲིས་དམ་ཟབ་ལྡན། མཁར་ཤར་ཁུལ་དུ་ལོགས་བཀར་དོ་དམ་བྱེད་སྐབས་ཉིང་སྐྱུར་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་། 

གདགས་གཤིས་ཡིན་པའི་མི་སྣ57པ། མོ། ལོ34ཡིན།  གདགས་གཤིས་ཡིན་པའི་མི་སྣ54པར་འབྲེལ་འདྲིས་དམ་ཟབ་ལྡན། མཁར་ཤར་ཁུལ་དུ་ལོགས་བཀར་དོ་དམ་བྱེད་སྐབས་ཉིང་སྐྱུར་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་།

གདགས་གཤིས་ཡིན་པའི་མི་སྣ58པ། མོ། ལོ16ཡིན།  ནད་རྟགས་གཏན་འཁེལ་བྱུང་བའི་ནད་དཔེ10པར་འབྲེལ་འདྲིས་ཕལ་བ་ལྡན། མཁར་ཤར་ཁུལ་དུ་ལོགས་བཀར་དོ་དམ་བྱེད་སྐབས་ཉིང་སྐྱུར་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་།

མིག་སྔར། གོང་དུ་བརྗོད་པའི་གདགས་གཤིས་ཡིན་པའི་མི་སྣ4གནས་ཁེལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། དེ་དང་མཉམ་དུ་རིམས་ནད་ཁུངས་འདེད་སོགས་ཀྱི་འབྲེལ་ཡོད་ལས་དོན་སྒྲུབ་བཞིན་པའི་སྒང་ཡིན།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།