ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྟོག་ཞིབ་བཞུགས་མོལ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྟོག་ཞིབ་གནང་སྐབས་ནན་གྱིས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིལ་སྒྲོག་བསམ་བློའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ཟབ་མོ་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་འགུལ་གྱིས་དར་ཆ་སྒྲེང་བ་དང་། དམངས་སེམས་བསྡུ་བ། མི་རབས་གསར་པ་སྐྱེད་སྲིང་། རིག་གནས་དར་སྤེལ། སྣང་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བ་ལེགས་པར་བསྒྲུབས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་ཁོར་ཡུག་བཟང་པོ་སྐྲུན་དགོས། 

ཞིན་ཁྲང་ཞིང་གིས་ནན་གྱིས་གསུང་དོན། དྲིལ་སྒྲོག་བསམ་བློའི་བྱ་བ་ནི་ཏང་གི་ཧ་ཅང་གལ་ཆེ་བའི་ལས་དོན་ཞིག་ཡིན་པས། དར་ཆ་སྒྲེང་བ་དང་དམངས་སེམས་བསྡུ་བ། མི་རབས་གསར་པ་སྐྱེད་སྲིང་། རིག་གནས་དར་སྤེལ། སྣང་བརྙན་མངོན་པ་བཅས་དང་དམ་པོར་དམིགས་པ་དང་། བསམ་བློ་གཞི་རྩ་བརྟན་པོར་འཛུགས་པ། གཞུང་ལུགས་ཀྱི་དྲག་ཆས་སྤྲོ་བ་དང་། གཞུང་ལུགས་ལ་ཞིབ་འཇུག་བྱེད་པ། གཞུང་ལུགས་དྲིལ་སྒྲོག་བྱེད་པ་བཅས་གཏིང་ཟབ་ཏུ་སྤེལ་བ། “གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་ལྷག་བསམ་རྣམ་དག་ཡིན་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་དགོས་པ་དངོས་ལ་འབེབས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་ནས་དུས་རབས་དང་མི་དམངས། འཕེལ་རྒྱས་བཅས་ཀྱི་དྲི་བར་ལན་བསྐྱོན་ཏེ། ཏང་གི་གཞུང་ལུགས་གསར་གཏོད་ངེས་པ་དོན་གྱིས“སྤྱིར་བཏང་མང་ཚོགས་ཀྱི་ཁྱིམ་དུ་སྐྱོད་ཐུབ་པར”བྱེད་དགོས། འབད་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་བསུ་མ་དང་དྲིལ་སྒྲོག་དོན་འཁྱོལ་བཅས་ལ་དམིགས་པ། ཁྲིད་ཕྱོགས་དམ་འཛིན་ཡག་པོ་བྱེད་པ་དང་། ནང་དོན་ལ་ཇུས་འགོད་བཟང་པོ་བྱེད་པ། བྱེད་ཐབས་ཁོང་དུ་ལེགས་པར་ཆུད་པ་བཅས་ཀྱི་སྒོ་ནས། ཡང་དག་པའི་ཁྲིད་ཕྱོགས་གླེང་ཕྱོགས་དྲིལ་སྒྲོག་གི་གོ་རིམ་ཡོངས་སུ་ཁྱབ་པར་བྱས་ཏེ། གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་ནུས་པ་དང་། སྣེ་ཁྲིད་ནུས་པ། ཤུགས་རྐྱེན་ནུས་པ། སྤྱི་རྟོན་ནུས་པ་བཅས་ཇེ་དྲག་ཏུ་གཏོང་དགོས། མི་ཚེའི་ཁ་ཕྱོགས་ལ་སྣེ་ཁྲིད་པ་དང་། ཕུགས་འདུན་དད་སེམས་ཀྱི་སློབ་གསོ་གཙོ་བོའི་གཙོ་བོར་འཇོག་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་དུ་འདེབས་པ་རྩ་བའི་ལས་འགན་དུ་འཛིན་པ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་དང་བསམ་པའི་དཔལ་ཡོན་གསར་སྐྲུན་རྨང་གཞིའི་བྱ་བར་འཛིན་པ། ཏང་གི་ལོ་རྒྱས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་བཏང་སྟེ། རྟག་བརྟན་འགྱུར་མེད་ཀྱིས་མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་མོ་ཕྲག་ཏུ་ལེན་ཐུབ་པའི་དུས་རབས་གསར་པའི་མི་རབས་གསར་པ་གསོ་སྐྱོང་བྱེད་དགོས། རིག་གནས་གདེང་ཚོད་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཞིང་ས་གཤིན་པོར་རྩ་བ་ཚུགས་པ། ཀྲུང་གོའི་གུང་ཁྲན་ཏང་མིའི་བསམ་བློའི་མ་ལག་རྒྱུན་འཛིན་དར་སྤེལ་ལེགས་པོ་གཏོང་བ། མཚོ་སྔོན་བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་ལ་དམིགས་པ། སྤུས་ལེགས་བརྩམས་ཆོས་སྔར་ལས་མང་པོ་རྩོམ་པ། རིག་གནས་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་སྟེ། རིག་གནས་ཡུལ་སྐོར་འདྲེས་སྦྱོར་བྱེད་པར་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་སྐད་སྒྲ་སྒྲོག་པ་དང་། གཞི་རིམ་ལ་ཉེ་བར་བཅར་བ། མང་ཚོགས་ལ་རྒྱུས་ལོན་ཟབ་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བླང་བྱ་གལ་ཆེན་བཏོན་པ་དངོས་འབེབས་དོན་འཁྱོལ་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་ལེགས་པར་སྒྲོག་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་བརྩེ་བ་དངོས་མ་བརྒྱུད་སྤྲོད་བྱེད་པ། བསམ་པའི་ཉམས་འགྱུར་བཟང་བ་དང་སྲོལ་ལེགས་སྟོབས་ལྡན་གྱི་ཁོར་ཡུག་ལེགས་པོ་བསྐྲུན་ཏེ། ཞིང་ཆེན་ཡོངས་ཀྱི་བགྲོད་ལམ་གསར་པར་འབད་པས་བསྐྱོད་ཅིང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བསམ་པའི་སྟོབས་ཆེན་པོ་གཅིག་ཏུ་བསྡུ་དགོས། 

ཀྲའོ་ཡུའེ་ཞ་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།