ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་མེ་འཁོར་ས་ཚིགས་ཀྱིས་པ་སེ་ཕྱིར་སློག་པའི་འགྲོ་ལུགས་སྒྲུབ་པར་གྲོན་དངུལ་བསྡུ་རྒྱུ་མ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས13ཉིན་གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ཟི་ལིང་མེ་འཁོར་ས་ཚིགས་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་ལ་འགྱུར་ལྡོག་བྱུང་བར་རོགས་འདེགས་བྱ་ཆེད། ཟི་ལིང་མེ་འཁོར་ས་ཚིགས་ཀྱིས་ཟླ4པའི་ཚེས13ཉིན་གྱི་ཆུ་ཚོད24པའི་གོང་དུ་མེ་འཁོར་ཉོས་ནས་ཟི་ལིང་ས་ཚིགས་ཀྱི་མེ་འཁོར་ཐེངས་རིམ་བྱུང་གི་སྤ་སེ་ཕྱིར་སློག་བྱེད་སྐབས། སྤ་སེ་ཕྱིར་སློག་གི་འགྲོ་ལུགས་སྒྲུབ་པར་གྲོན་དངུལ་བསྡུ་རྒྱུ་མིན་པ་དང་། ཚོགས་པའི་སྤ་སེ་ལ་རླངས་འཁོར་མ་བཏང་གོང་གི་ཆུ་ཚོད་48ནང་ཚོད་འཛིན་བྱེད་མི་ཆོག  སྐུ་མགྲོན་གྱིས་ཉོས་ཟིན་པའི་མེ་འཁོར་སྤ་སེ་གལ་སྲིད་ཕྱིར་སློག་བྱེད་དགོས་ཚེ། མེ་འཁོར་གཏོང་སར་བརྟེན་ནས་ཟི་ལིང་མེ་འཁོར་ས་ཚུགས་སུ་སྤ་སེ་འཚོང་སའི་སྐར་ཁུང་དུ་སྤ་སེ་ཕྱིར་སློག་ཆོག་པ་དང་། སྤ་སེ་ཕྱིར་སློག་གི་འགྲོ་ལུགས་སྒྲུབ་པར་གྲོན་དངུལ་བསྡུ་རྒྱུ་མ་རེད། སྤ་སེ་ཕྱིར་སློག་བྱེད་སྐབས་མེ་འཁོར་ནང་སྡོད་རྒྱུའི་ཉེན་འགོག་འགན་ལེན་དང་དྲ་ཐོག་གི་ཟ་མ་མངགས་ཉོ་བྱེད་པའི་འགྲོ་ལུགས་སྒྲུབ་ཆོག  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།