ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིམས་ནད་སྔོན་འགོག་འཐབ་ཕྱོགས་དང་པོར་དངོས་ཟོག་ཞལ་འདེབས་བརྒྱབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེདམམཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། མཚོ་ཤར་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་བསྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་ནད་པ་བྱུང་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབོད་སྐུལ་ཧུར་ཐག་གིས་དང་ལེན་བྱས་ནས། འགན་འཁྲི་སྒྲུབ་པ་དང་ཧུར་ཐག་གིས་སྒྲུབ་པ། རང་འགུལ་ངང་འགན་འཁུར་བ། གདོང་མཆོང་བྱེད་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བུད་མེད་ཀྱི་འགན་འཁྲི་འཁུར་ཕོད་པ་མངོན་པར་མཚོན་ལ། ས་གནས་སོ་སོའི་བུད་མེད་མང་ཚོགས་ལ་མཉམ་འགོག་མཉམ་བཅོས་དང་དམངས་འགོག་དམངས་བཅོས་ཀྱི་གོམས་སྲོལ་ཆགས་པར་སྣེ་ཁྲིད་བྱས། 

ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྐབས་སུ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ཚོགས་པས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས། ཧུར་ཐག་གིས་འགུལ་སྐྱོད་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་གཞི་རིམ་གྱི་རིམས་ནད་འགོག་བཅོས་ལས་དོན་སྤེལ་ཞིང་། ཁྱོན་ཡོངས་ནས་གཞི་རིམ་གྱི་རིམས་ནད་གནས་ཚུལ་ལ་རྒྱུས་ལོན་དང་ཤེས་རྟོགས་བྱས་པ་དང་།  ཧུར་ཐག་གིས་དངོས་ཟོག་དང་མ་དངུལ་གྲབས་གསོག་བྱས་ཏེ། གཞི་རིམ་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་བར་རོགས་འདེགས་བྱས། ཟླ4བའི་ཚེས8ཉིན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ཚོགས་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་རྫོང་དང་ཆུས་ཏེ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་དང་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་ས་ལར་རིགས་རང་སྐྱོང་རྫོང་དུ་ཁ་ཐུམ་དང་། དུག་སེལ་གཤེར་ཁུ། ལག་འཁྲུད་གཤེར་ཁུ་སོགས་རིམས་འགོག་དངོས་ཟོག་ཞལ་འདེབས་བརྒྱབ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།