ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས“ཞིང་གསུམ”ཁྱབ་ཁོངས་ཀྱི་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཉེ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་དང་ཞིང་ཆེན་གྲོང་གསེབ་དར་སྤེལ་སྤེལ་ཅུའུ་དང་མཉམ་འབྲེལ་སྒོས《སྲིད་འཛིན་ཁྲིམས་བསྟར་དང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་མཉམ་སྒྲུབ་གཞོགས་འདེགས་བྱས་ཏེ་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ལ་མཉམ་དུ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)གཏན་འབེབས་བྱས་ཏེ། སྲིད་འཛིན་ཁྲིམས་བསྟར་དང་སྤྱི་ཕན་ཁྲིམས་འཛིན་མཉམ་སྒྲུབ་གཞོགས་འདེགས་བྱས་པ་བརྒྱུད་དེ། “ཞིང་གསུམ”ཁྱབ་ཁོངས་ཀྱི་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་ཁྲིམས་འཛིན་སྲུང་སྐྱོང་འགན་སྲུང་བྱས།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཕྱུགས་ལས་ཀྱི་ངོས་ཁུངས་སྦགས་བཙོག་བཅོས་སྐྱོང་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་སོགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གནོད་སྐྱེལ་གནད་དོན་གྱི་གྱོད་དོན་སྒྲུབ་ཤུགས་ཇེ་ཆེར་བཏང་ནས། གྲོང་གསེབ་ཀྱི་གནས་ལ་འཚམ་པའི་ཆུ་ཚད་ཇེ་མཐོར་བཏང་། དེ་དང་ཆབས་ཅིག བཟའ་བྱའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བར་དམིགས་ཏེ། ནུས་ཤུགས་ཡོད་རྒུས་རྨ་ཞིང་ཐོན་ཁུངས་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གནོད་སྐྱེལ་གནད་དོན་ཐག་གཅོད་བྱ་རྒྱུ་དང་། ཞིང་ལས་གྲོང་གསེབ་དང་གྲོང་གསེབ་དར་སྤེལ་སོགས་དོ་དམ་སྡེ་ཁག་གི་མཉམ་སྒྲུབ་གཞོགས་འདེགས་ལ་ཤུགས་བསྣན་ཏེ། སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཐབས་ཇེ་ལེགས་སུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་གནད་འཁེལ་ཆུ་ཚད་ཇེ་མཐོར་བཏང་།

དེ་མིན། མཚོ་སྔོན་གྱི་རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་དང་གྲོང་གསེབ་དར་སྤེལ་དོ་དམ་ལས་ཁུངས་ཀྱིས་ཞིབ་དཔྱོད་ལས་ཁུངས་དང་མཉམ་དུ་ཁུངས་སྣེ་ཕྱོགས་གཉིས་སུ་སྤོ་བ་དང་། དཔང་ཡིག་འཚོལ་བསྡུ་དང་རྒྱུན་ལྡན་གྱི་འབྲེལ་འདྲིས་མཉམ་སྒྲུབ་གཞོགས་འདེགས་ལམ་ལུགས་བཙུགས་ཏེ། ཞིང་ཕྱུགས་ལས་དང་གྲོང་གསེབ་དར་སྤེལ་ཁྱབ་ཁོངས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་བསྟར་ཆ་འཕྲིན་དང་ཞིབ་དཔྱོད་ལྟ་སྐུལ་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།