ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གིས་དྲ་ཐོག་སློབ་ཁྲིད་གོ་རིམ་ལྡན་པའི་ངང་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས12ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ནས་ཤེས་གསལ་ལྟར་ན། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོ་མཇུག་བསྒྲིལ་རྗེས། མཁར་ཤར་ཁུལ་ཁོངས་གཏོགས་ཀྱི་སློབ་གྲྭ་ཆུང་འབྲིང་ཚང་མས་དྲ་ཐོག་སློབ་ཁྲིད་བཀོད་སྒྲིག་བྱས་པ་དང་། བུ་བཅོལ་ཁང་ལ་གུང་གསེང་བཏང་ཞིང་། ལས་རིགས་ལག་རྩལ་སློབ་གྲྭར་བཀག་སྡོམ་དོ་དམ་བྱས། རྫོང་དང་ཆུས་ཁོངས་གཏོགས་ཁུལ་གྱི་མཐོ་རིམ་སློབ་གླིང་གིས་མཉམ་འགོག་མཉམ་བཅོས་ཀྱི་བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་ལས་དོན་ཐད་རྒྱུན་རྣམ་ཅན་གྱི་གྲོས་མོལ་མཐུན་སྦྱོར་བྱས་ཏེ། གློ་བུར་དུ་བྱུང་བའི་གནས་ཚུལ་དུས་ལྟར་ཐག་གཅོད་བྱས། 

ཐེངས་འདིའི་རིམས་ནད་བྱུང་བ་ནས་བཟུང་། ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་ཡིས《ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གིས“སློབ་ཁྲིད་ཚོགས་མཚམས་བཞག་ཀྱང་སློབ་ཁྲིད་བྱེད་མཚམས་མི་འཇོག་པ་དང་། སློབ་ཁྲིད་ཚོགས་མཚམས་བཞག་ཀྱང་སློབ་སྦྱོང་བྱེད་མཚམས་མི་འཇོག་པའི”བྱ་བའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་གྱི་དབང་གིས་དྲ་ཐོག་སློབ་ཁྲིད་བྱེད་མཁན་གྱི་སློབ་གྲྭར་དྲ་ཐོག་སློབ་ཁྲིད་ཀྱི་རྨང་གཞིའི་ཆ་རྐྱེན་གྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་གྲྭར་དྲ་ཐོག་སློབ་ཁྲིད་བྱེད་པའི་འཆར་གཞི་བཟོ་བར་མཛུབ་ཁྲིད་དང་། ལུགས་མཐུན་གྱི་སློབ་ཁྲིད་དུས་ཚོད་བཀོད་སྒྲིག རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཤེས་རབ་སློབ་གསོའི་ལས་སྟེགས་སོགས་དྲ་རྒྱའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། རྒྱ་ཆེའི་ཁྱིམ་སྡོད་སློབ་མ་ཚོར་སློབ་ཁྲིད་མྱུར་ཚད་དང་མཐུན་པའི་དྲ་ཐོག་སློབ་ཁྲིད་བྱེད་སྟངས་དང་། ཁྱིམ་ཚམ་སློབ་གསོ། སེམས་ཁམས་བདེ་ཐང་སློབ་གསོ། ལུས་རྩལ་སྦྱོང་བརྡར་སོགས་ཀྱི་ཐོན་ཁུངས་འདོན་སྤྲོད་བྱས་ནས། སློབ་ཁྲིད་ཚོགས་མཚམས་བཞག་ཀྱང་སློབ་ཁྲིད་བྱེད་མཚམས་མི་འཇོག་པ་དང་། སློབ་ཁྲིད་ཚོགས་མཚམས་བཞག་ཀྱང་སློབ་སྦྱོང་བྱེད་མཚམས་མི་འཇོག་པ་འགན་ལེན་བྱས། ལྷག་པར་སློབ་མཐར་ཕྱིན་ལ་ཉེ་བའི་ལོ་རིམ་སོ་སོའི་དགེ་རྒན་ཚོས་ནུས་ཤུགས་ཡོད་རྒུས་དྲ་ཐོག་སློབ་ཁྲིད་ཀྱི་ཁྱད་ཆོས་དང་སློབ་མས་ཁྱིམ་དུ་སློབ་སྦྱོང་བྱེད་པའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆེད་དོན་སློབ་དཔྱོད་དང་།  སློབ་ཁྲིད་ཚོགས་མཚམས་བཞག་ཀྱང་སློབ་ཁྲིད་བྱེད་མཚམས་མི་འཇོག་པ་དང་། སློབ་ཁྲིད་ཚོགས་མཚམས་བཞག་ཀྱང་སློབ་སྦྱོང་བྱེད་མཚམས་མི་འཇོག་པ་འགན་ལེན་བྱས། ཞིབ་ཚགས་སྒོས་སློབ་ཁྲིད་ཇུས་འགོད་བཀོད་སྒྲིག དྲ་ཐོག་སློབ་ཁྲིད་སྟེགས་བུ་དང་སློབ་ཁྲིད་ཡོ་བྱད་གང་ལེགས་སྤྱོད་པ། རྣམ་པ་མང་བ་དང་རིམ་པ་དབྱེ་ནས་དྲ་ཐོག་ནས་གྲོས་བསྡུར་དང་དོགས་གནད་ལ་ཟུར་ཁྲིད་བྱེད་པ་སོགས་ཀྱི་དྲ་ཐོག་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ། ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གི་སེམས་ཁམས་བདེ་ཐང་དང་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ལྟེ་གནས་ཀྱིས་ད་དུང་བློ་འདྲིའི་ཁ་པར་ཤར་གཏོང་བྱས་ནས་རྒྱ་ཆེའི་སློབ་མ་ཚོར་དྲ་ཐོག་བློ་འདྲིའི་ཞབས་ཞུ་བྱས་པ་རེད།

ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་ཡིས་སློབ་གྲྭའི་དོན་དངོས་དང་ཟུང་འབྲེལ་གྱིས་ཉིན་ལྟར་སློབ་གྲྭའི་རིམས་ནད་འགོག་སྡོམ་གྱི་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་དང་དབྱེ་ཞིབ་བྱེད་པ་དང་། སློབ་གྲྭའི་རིམས་ནད་འགོག་སྡོམ་དང་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན། སློབ་གྲྭའི་འགོག་སྡོམ་བྱེད་ཐབས་ཁག་གཟབ་ནན་དང་ནན་ཏན་གྱིས་དོན་འཁྱོལ་བཟང་པོ་བཅས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།