ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་རྟོག་ཞིབ་བཞུགས་མོལ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་རྟོག་ཞིབ་བཞུགས་མོལ་གནང་སྐབས་ནན་གྱིས་གསུང་དོན། བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་བློ་གལ་ཆེན་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་བསུ་མ་དང་དྲོལ་སྒྲོག་དོན་འཁྱོལ་གྱི་སྙིང་སྟོབས་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། མཐུན་སྒྲིལ་རུང་བའི་སྟོབས་ཤུགས་ཡོད་ཚད་མཐུན་སྒྲིལ་བྱེད་པ་དང་། སྐུལ་སློང་རུང་བའི་ཡར་ཐོན་རྒྱུ་རྐྱེན་ཡོད་ཚད་ལ་སྐུལ་སློང་བྱས་ཏེ། ཐུན་མོང་སྒོས་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་འབད་འཐབ་སྟོབས་ཤུགས་ཆེས་ཆེར་གཅིག་བསྡུ་བྱེད་དགོས། 

ཞིན་ཁྲང་ཞིང་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་ཕེབས་ཏེ། ཆོས་ལུགས་ལས་དོན་ཁྲུའུ་དང་ཕྱོགས་བསྡུས་མཐུན་སྦྱོར་ཁྲུའུ་སོགས་ལ་སོང་ནས། ལས་བྱེད་ལས་བཟོ་ལྟ་སྐྱོང་དང་། འབྲེལ་ཡོད་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གནས་ཚུལ་སྙན་ཞུར་མཉན་རྗེས། ཞིན་ཁྲང་ཞིང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་བློ་ཐག་རྦད་ཆོད་ཀྱིས་དོན་འཁྱོལ་དངོས་འབེབས་བྱས་པ། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོའི་བརྗོད་དོན་ཁོང་དུ་ཆུད་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་ལ་རྒྱ་ཁྱབ་ཏུ་མི་སེམས་གཅིག་བསྡུས་དང་སྟོགས་ཤུགས་ཕྱོགས་བསྡུས་བྱས། 

ཞིན་ཁྲང་ཞིང་གིས་ནན་གྱིས་གསུང་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པའི་ལོ་ཡིན་ལ། ང་ཚོའི་ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་བཏོན་ནས་ལོ་འཁོར100ལོན་པའི་ལོ་ཡང་ཡིན་པས། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེ་བའི་ཁོངས་མི་རྣམས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོར་བྱེད་པ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་དང་། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པར་དམིགས་ནས་བསམ་བློ་སྣེ་ཁྲིད་ལེགས་པར་འཛིན་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་ཞིང་ཆེན་གྱི་གནས་ཚུལ་སློབ་གསོ་དང་། གནས་བབ་སྲིད་ཇུས་སློབ་གསོ། རྒྱལ་གཅེས་རིང་ལུགས་སློབ་གསོ་བཅས་གཏིང་ཟབ་ཏུ་སྤེལ་བ། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་ཞིང་ཆེན་ཡོངས་ཀྱི་ལྟེ་བའི་བྱ་བ་དང་ལས་འགན་གལ་ཆེན་ཁྲོད་འདྲེས་སུ་འཇུག་པ། ཆེས་ཆེ་བའི་སྤྱིའི་བགོ་གྲངས་འཚོལ་བ། ཆེས་ཆེ་བའི་ལྟེ་མཐུན་སྒོར་དབྱིབས་འབྲི་བ། དམ་བཅའ་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲང་བ་དང་། ལག་གདང་སྦྲེལ་ནས་དུས་རབས་གསར་པར་འབད་པས་བསྐྱོད་པ་སོགས་ཀྱི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་གོང་འཕེལ་གྱི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་མུ་མཐུད་བརྟན་པོར་འདིང་དགོས། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་དམིགས་ཏེ་དོན་འཁྱོལ་དངོས་འབེབས་ལེགས་པར་འཛིན་པ་དང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་ཚོགས་འདུ་སོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་གོ་བ་ཟབ་མོ་ལེན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོས་བཀོད་སྒྲིག་ཁག་སོ་སོ་མཚོ་སྔོན་དུ་དངོས་ལ་བབས་ཤིང་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས། 

ཀྲའོ་ཡུའེ་ཞ་རྟོག་ཞིབ་བཞུགས་མོལ་ལ་ཞུགས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།