ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱི་ཁྲོམ་རས་འཚོ་བའི་མཁོ་ཆས་གཙོ་བོ་མཁོ་སྤྲོད་བྱས་པ་བརྟན་འཇགས་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས12ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་ཁྲོམ་རས་འཚོ་བའི་མཁོ་ཆས་གཙོ་བོ་མཁོ་སྤྲོད་བྱས་པ་བརྟན་འཇགས་རེད།  

ངོ་སྤྲོད་བྱས་པ་ལྟར་ན། ཟླ4བའི་ཚེས12ཉིན། ཟི་ལིང་གྲོང་ཁྱེར་མཚོ་བོད་ས་མཐོའི་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་ཀྱིས་ཤ་དང་སྔོ་ཚལ་སོགས་ཐོན་རྫས་ནང་འདྲེན་ཚད་སྔོ་ཚལ་ཏུན1636.8དང་། སིལ་ཏོག་ཏུན558.7། སྒོ་ང་ཏུན151.8། ཤ་ཏུན16.9བཅས་ཡིན། ཉིན་རེར་ཉར་ཚགས་བྱེད་པའི་སྔོ་ཚལ་ཏུན2249.6དང་སིལ་ཏོག་ཏུན2592.8། སྒོ་ང་ཏུན102.1། ཤ་ཏུན33.8བཅས་ཟིན། ཟླ4བའི་ཚེས12ཉིན་འབྲི་སྣུམ་སྡེབ་ཚོང་ཁང་གསུམ་གྱིས་ཁྲོམ་ར་ནས་ནང་འདྲེན་བྱས་པའི་ཕྱེ་ཏུན187.2དང་། འབྲས་ཏུན181.5། བཟའ་སྣུམ་ཏུན24.4བཅས་ཟིན། མཛོད་ཁང་དུ་གསོག་ཉར་བྱས་པའི་ཕྱེ་ཏུན3976.8དང་འབྲས་ཏུན5384.3། བཟའ་སྣུམ་ཏུན2113.9བཅས་ཟིན། མཚོ་སྔོན་ཡུས་ཐའེ་འབྲོག་ལས་ཐོན་རྫས་ཚད་ཡོད་ཀུང་སི་སོགས་དང་ནོར་ལུག་གསོ་སྤེལ་བྱེད་པའི་ཁེ་ལས་ཀྱིས་ནོར176དང་ལུག144བཤས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།