ཀྲུང་གོ་བོད་ཀྱི་དྲ་བ།

​ཟི་ལིང་གྲོང་ཁྱེར་དཔེ་མཛོད་ཁང་གནས་སྐབས་སུ་སྒོ་རྒྱག་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3cd71ab8711587f7e8d2c472747e0fc.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས12ཉིན་ཟི་ལིང་གྲོང་ཁྱེར་དཔེ་མཛོད་ཁང་གིས་རིམས་ནད་འགོག་སྡོམ་གྱི་བླང་བྱ་ལྟར། ཁང་པའི་ནང་གི་སྤྱི་སྤྱོད་ཚོགས་རའི་རིམས་ནད་འགོག་སྡོམ་ལས་དོན་ཡག་པོ་བསྒྲུབས་ཏེ་གྲོང་མིའི་བདེ་ཐང་དང་བདེ་འཇགས་བཅས་ལ་འགན་ལེན་བྱ་ཆེད། ཚེས12ཉིན་ནས་བཟུང་ཟི་ལིང་གྲོང་ཁྱེར་དཔེ་མཛོད་ཁང་གིས་གནས་སྐབས་སྒོ་རྒྱག་རྒྱུ་དང་སྒོ་ཕྱེ་པའི་དུས་ཚོད་ཟུར་དུ་བརྡ་ཐོ་གཏོང་རྒྱུ་རེད། སྒོ་བརྒྱབ་རྗེས་དཔེ་མཛོད་ཁང་དུ་དཔེ་དེབ་གཡར་ནས་ཕྱི་སྤྲོད་དགོས་པ་དག་དུས་ཚོད་འགོར་འགྱངས་བྱེད་ཆོག་པ་དང་།  དྲ་སྟེང་གི་ཞབས་ཞུ་རྒྱུན་ལྡན་ཡིན་པར་སྤྱི་བསྒྲགས་བྱས། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།