ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་འགྲུལ་སྐྱེལ་ལྟེ་གནས་གནས་སྐབས་སུ་སྒོ་རྒྱག་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2022ལོའི་ཟླ4པའི་ཚེས13ཉིན་ནས་བཟུང་། ཟི་ལིང་འགྲུལ་སྐྱེལ་ལྟེ་གནས་འབབ་ཚིགས་གནས་སྐབས་སུ་སྒོ་རྒྱག་རྒྱུ་རེད། རྗེས་མཐུད་ཀྱི་ལས་དོན་རིམས་ནད་འགོག་སྡོམ་གྱི་གནས་ཚུལ་ལ་གཞིགས་ནས་རླངས་འཁོར་བསྐྱར་གཏོང་བྱ་རྒྱུ་རེད། 

འགྲུལ་སྐྱེལ་ལྟེ་གནས་འབབ་ཚིགས་ཀྱི་པ་སེ་ཉོས་པའི་འགྲུལ་བས་འབབ་ཚིགས་སླར་གསོ་བྱས་རྗེས་རླངས་འཁོར་འབབ་ཚིགས་སུ་ཕྱིན་ནས་པ་སེ་ཕྱིར་སློག་པའི་འགྲོ་ལུགས་སྒྲུབ་ཆོག །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།