ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་དུ་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་། ཧྲིན་ཀྲང་ལས་ཚབ་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་དུ་རྟོག་ཞིབ་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་དངོས་འབེབས་ཟབ་མོ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་སྔར་ལས་ལྷག་པར་འདྲེས་པ་དང་ཞབས་འདེགས་ཞུས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་པའི་ཁྲོད་ཟི་ལིང་གི་འགན་ཁུར་མངོན་པར་བྱེད་པ་དང་ཟི་ལིང་གིས་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་གསུངས། 

ཉིན་དེར། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་མཚོ་སྔོན་ནོ་ཏི་རྒྱུ་ཆ་གསར་པའི་ཚད་ཡོད་ཀུང་ཟིར་ཕེབས་ནས་འཁོར་ཁང་དུ་བསྐྱོད་དེ། ཐོན་རྫས་ལ་བལྟས་ཤིང་། ཚོང་རའི་གནས་ཚུལ་དྲི་ནས། རྒྱུ་ཆ་གསར་པའི་ཐོན་ལས་འཕེལ་རྒྱས་དང་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་། ཁེ་ལས་ཀྱིས་ཚོང་རའི་དགོས་མཁོ་དང་ལག་རྩལ་གྱི་རབས་བརྗེ་བར་དམིགས་ནས། གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་མུ་མཐུད་དུ་མཐོར་བཏེགས་ཏེ། ཁེ་ལས་སྔར་ལས་ཆེན་པོ་དང་སྟོབས་ལྡན་དུ་འཕེལ་བར་སྐུལ་འདེད་བཏང་། ཞིན་ཁྲང་ཞིང་དང་ཝུའུ་ཞོ་ཅུན་གཉིས་མཁར་དཀྱིལ་ཆུས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་སྒོ་ཁ་ནས་རིམས་ནད་འགོག་སྡོམ་གྱི་བླང་བྱ་ལྟར་རྩ་གཉིས་བཤེར་རིས་ལ་བརྟག་ཏུ་བཅུག་ནས་ནང་དུ་སོང་བ་དང་། མང་ཚོགས་ཀྱི་ཟློས་གར་ཁང་དང་། དཔེ་མཛོད་ཁང་། དང་བླངས་ཞབས་ཞུ་སྟེགས་བུ་སོགས་ཀྱིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ལ་ནུས་པ་བཏོན་པའི་གནས་ཚུལ་ལ་བལྟས་པ་དང་། ཡུལ་དངོས་ན་བྱ་འགུལ་སྤེལ་བཞིན་པའི་ལས་བྱེད་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས་ནས། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མང་ཚོགས་ལ་སྣེ་ཁྲིད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཧུར་ཐག་གིས་ལག་ལེན་དུ་འདེབས་པ། གཞི་གདངས་གཙོ་བོ་དར་སྤེལ་བཏང་སྟེ། དྲང་ཕྱོགས་ཀྱི་ནུས་པ་ཁྱབ་སྒྲོག་བྱེད་དགོས་ཞེས་བསྟན།

ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་གྱི་བྱ་བའི་སྙན་ཞུ་ལ་མཉན་རྗེས་བསྟན་དོན། ཟི་ལིང་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་རྣམ་པ་གསར་པ་བསྐྲུན་པ་དང་། དམངས་འཚོ་ལེགས་བཅོས་ཀྱི་སྤྱི་ཡོངས་རང་བཞིན་མཐོར་འདེགས་པ། ཏང་གི་འཛུགས་སྐྲུན་གྱི་མ་ལག་རང་བཞིན་ཇེ་དྲག་ཏུ་གཏོང་བ། དེང་རབས་དང་མཛེས་སྡུག བདེ་སྐྱིད་ལྡན་པའི་ཟི་ལིང་ཆེན་པོ་འཛུགས་སྐྲུན་བྱེད་པའི་ཐད་ནས་འཕེལ་རྒྱས་དངོས་བྱུང་ཡོད། ཞིན་ཁྲང་ཞིང་གིས་ནན་གྱིས་གསུང་དོན། ད་ལོར་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་བཅུ་བཞི་པ་འཚོག་རྒྱུ་ཡིན་པས། ཟི་ལིང་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཆོད་དོན་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་ཆེས་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པར་བྱེད་པ་དང་། ཞིང་ཆེན་ཡོངས་སུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་བསྐྲུན་ཏེ། གྲོང་ཁྱེར་གྱི་གསར་སྐྲུན་ནུས་པ་དང་འགྲན་རྩོད་ནུས་པ། ཕྱོགས་བསྡུས་སྟོབས་ཤུགས་བཅས་སྔར་ལས་མཐོར་འདེགས་དགོས། དེང་རབས་ཅན་ལ་རྐང་བཙུགས་ཏེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཕྱོགས་གནས་ཡང་དག་པར་འཚོལ་བ། གཞི་རྩའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་ལ་ཞིབ་འཇུག་བྱེད་པ། བསླད་མེད་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། དེང་རབས་ཀྱི་རྨང་གཞི་སྒྲིག་ཆས་མ་ལག་དང་རྣམ་པ་གསར་པའི་རིག་ནུས་གྲོང་ཁྱེར་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་བ། མཉམ་སྐྲུན་མཉམ་རོལ་ནི་ཟི་ལིང་དེང་རབས་ཅན་ལ་སྐུལ་བའི་གཞི་འབེབས་སར་བྱེད་པ། བྱ་བ་ཞིབ་ཕྲ་བཟོས་ནས་གཞི་རིམ་གྱི་གཞིས་ཁུལ་དང་སྡོད་གནས། ཁྱིམ་ཚང་སོགས་གང་སར་དངོས་འབེབས་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”ལ་ལེགས་པར་དམིགས་ཏེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྦས་ཤུགས་སྔོག་པ། ཞིང་ཆེན་གྱིི་གནས་ཚུལ་དང་གྲོང་ཁྱེར་གྱི་གནས་ཚུལ་ལ་ངོས་ཟིན་ཟབ་མོ་བྱེད་པ། རང་སྟེང་གི་ཁྱད་ཆོས་དང་དགེ་མཚན་ལ་རྐང་བཙུགས་ནས། ལྗང་མདོག་གྲོང་ཁྱེར་དང་དྭངས་གཙང་གྲོང་ཁྱེར། ཐཱན་ཉུང་གྲོང་ཁྱེར་དང་སྙིགས་མེད་གྲོང་ཁྱེར་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་བ། དགེ་མཚན་ཐོན་ལས་གཅིག་བསྡུས་ཀྱིས་འགུག་པ། ཐོན་ལས་གླིང་ཁུལ་སྟོབས་ལྡན་ལེགས་ཚོགས་འཛོམས་པར་གཉེར་བ། ཞིང་ཕྱུགས་ཐོན་རྫས་ཚད་ལྡན་ཅན་དང་ལྗང་མདོག་ཅན་ཐོན་སྐྱེད་བྱེད་པར་སྐུལ་ནས། དེང་རབས་ཅན་གྱི་ཞབས་ཞུ་ལས་རིགས་མགྱོགས་མྱུར་གྱིས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་དགོས། 

ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་སྐབས་བསྟན་དོན། ཟི་ལིང་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་པ་དང་བྱས་རྗེས་ཆེན་པོ་བཞག་ཡོད་པས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དངོས་འབེབས་གང་ལེགས་བྱས་ཏེ། ཞིང་ཆེན་ཡོངས་སུ་སྐུལ་ཁྲིད་ནུས་ཤུགས་ལྡན་པའི་སྣེ་ཁྲིད་པ་བཟང་བོ་ཞིག་ཏུ་འགྱུར་བར་ཧུར་ཐག་བྱེད་དགོས། ཐོན་ལས་འཕེལ་རྒྱས་ལ་སྔར་ལས་ཤུགས་སྣོན་པ་དང་། ཁ་ཕྱོགས་ཡང་དག་པར་འཚོལ་བ། ཐོན་ལས་སྟོབས་ལྡན་དུ་གཉེར་ཏེ། ངེས་པ་དོན་གྱིས་ཁྱད་ལྡན་གྱི་དགེ་མཚན་དང་ཐོན་ལས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས། རྨང་གཞི་བརྟན་པོ་བཟོ་བ་དང་། ཁོར་ཡུག་ཇེ་ལེགས་སུ་གཏོང་བ། སྦྲེལ་ཐག་སྟོབས་ལྡན་དང་རྒྱུན་སྲིང་། ཁ་གསབ་ཀྱི་ཁ་ཕྱོགས་ཡང་དག་པར་བཙལ་ཏེ། ལས་གཞི་ཆེན་པོ་དང་ལེགས་པོ་ལ་བློ་བཀོད་འཐེན་དགོས། སྟེགས་བུ་བཙུགས་ཏེ་ནུས་པ་བསྩོལ་བ་དང་ཐོན་ཁུངས་ལེགས་པར་སྤྱོད་པ། ཐོན་ལས་སྦྲེལ་ཐག་དང་། ལག་རྩལ་སྦྲེལ་ཐག མ་དངུལ་སྦྲེལ་ཐག འཇོན་མིའི་སྦྲེལ་ཐག་བཅས་འདྲེས་སུ་འཇུག་དགོས། ཚན་རྩལ་གསར་གཏོད་ལ་སྔར་ལས་ཤུགས་བཏོན་ཏེ། རིགས་སོ་སོའི་གསར་གཏོད་བྱེད་མཁན་གྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་ཕན་ནུས་ལྡན་པའི་སྒོ་ནས་སློང་བ་དང་། ཚན་རྩལ་གྱི་གྲུབ་འབྲས་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་པར་བསྒྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ། གསར་གཏོད་མ་ལག་དང་གསར་གཏོད་ནུས་པ་འཛུགས་སྐྲུན་བྱེད་པ་དང་། སྲོག་ཤིང་ལག་རྩལ་གྱི་འགག་སྒོ་བརྒལ་བ། ཐོན་སྐྱེད་སློབ་སྦྱོང་ཞིབ་འཇུག་གཏིང་ཟབ་མོས་འདྲེས་པར་བྱེད་པ། ཁེ་ལས་ཀྱི་གསར་གཏོད་བྱེད་པའི་གོ་གནས་འབུར་དུ་དོད་ནས། ཤུགས་ཆེན་པོས་མདོ་དབུས་མཐོ་སྒང་གི་ཚན་རྩལ་གསར་གཏོད་ཀྱི“གཤིས་ས”བསྐྲུན་དགོས། 

ཡུས་ཚུང་ལི་དང་ཁྲིན་རུའེ་ཧྥིན་གཉིས་རྟོག་ཞིབ་ལ་ཞུགས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།