ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱིས“རིམས་ནད་མེད་པའི་གྲོང་ཚོ(སྡེ་ཁུལ)གཏོད་པའི”གྲོས་གཞིའི་ཡི་གེ་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུའུ་ཡིས“རིམས་ནད་མེད་པའི་གྲོང་ཚོ(སྡེ་ཁུལ)གཏོད་པའི་གྲོས་གཞི་བཏོན་ནས། གྲོང་ཚོ(སྡེ་ཁུལ)སོ་སོས་ལག་གདང་སྦྲེལ་ནས་བདེ་ཐང་འགོག་སྲུང་གི“འགན་འཁུར་པ”བཟང་པོ་བྱེད་པ་དང་། དཔལ་ཡོན་ལག་བསྟར་གྱི“དར་སྲོལ་གསར་པ”དར་སྤེལ་གཏོང་བ། སྡེ་ཁུལ་གྱི་རིམས་ནད་འགོག་སྡོམ་གྱི“ནུས་ཤུགས་སྦྲེལ་ཟམ”ཤར་གཏོང་བྱེད་པ། རིམས་ནད་འགོག་སྡོམ་གྱི་དྲང་ནུས་བརྒྱུད་སྒྲོག་བྱེད་པ་བཅས་ཀྱིས་གཞི་རིམ་གྱི་རིམས་ནད་འགོག་སྡོམ་གྱི་སྲ་ཞིང་བརྟན་པའི་མཁར་རྫོང་ནུས་ཤུགས་ཡོད་རྒུས་བསྐྲུན་ནས། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་དོ་དམ་རིམ་ལྡན། འཆམ་མཐུན་དཔལ་ཡོན། འཕྲོད་བསྟེན་བདེ་ཐང་གི“རིམས་ནད་མེད་པའི་གྲོང་ཚོ(སྡེ་ཁུལ)”གཏོད་དགོས་པའི་འབོད་སྐུལ་བཏང་། 

ཟི་ལིང་གྲོང་མིས་རང་རྟོགས་སྒོས་མི་སྒེར་དང་ཁྱིམ་ཚང་དུ་ཚན་རིག་དང་མཐུན་པའི་འགོག་སྲུང་བཟང་པོ་བྱེད་པ་མཐའ་འཁྱོངས་དང་། པྲོག་གསར་གློ་ཚད་རིམས་འགོག་སྨན་ཁབ་དུས་ལྟར་རྒྱག་པ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་གྱི་བླང་བྱ་དོན་འཁྱོལ་བྱེད་པར་གཞོགས་འདེགས་དང་། སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུ་སྒྲིག་ལམ་སྲུང་ནས། ཕྱིར་ཟི་ལིང་དུ་ལོག་མཁན་གྱིས་རང་འགུལ་སྒོས་སྙན་ཞུ་དང་། ཉིང་སྐྱུར་བརྟག་དཔྱད་དང་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་ལ་གཞོགས་འདེགས་ལེགས་པོ་བྱེད་དགོས་པའི་གྲོས་གཞི་བཏོན། 

གྲོང་ཚོ(སྡེ་ཁུལ)སོ་སོས་གཙོ་གནད་མི་སྣར་གྲལ་བཤེར་དང་། ས་ཁོངས་ཀྱི་ཚོད་འཛིན་དོ་དམ་ལ་ཤུགས་སྣོན། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྒྱ་ཁྱབ་ཏུ་སྤེལ་བ། མང་ཚོགས་ལ་རིམས་ནད་སྔོན་འགོག་གི་བླང་བྱ་ལག་བསྟར་བྱེད་པར་སྐུལ་ཁྲིད་དང་། མཉམ་འགོག་མཉམ་སྡོམ་བཟང་པོ་བྱེད་པ་བཅས་བྱེད་དགོས། གྲོང་སྲོལ་དམངས་ཆིངས་དང་གྲོང་མིའི་སྤྱི་ཆིངས་སོགས་རིམས་ནད་འགོག་སྡོམ་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་རྟོགས་སྒོས་འདས་མཆོད་སྟབས་བདེ་དང་། དགའ་སྟོན་ཕྱིར་འགྱངས་ཀྱིས་བསྒྲུབ་པ། འདུ་འཛོམས་ཆེ་བའི་བྱེད་སྒོ་མི་གཉེར་བ་བཅས་བྱེད་དགོས། མང་ཚོགས་ཀྱི་རེ་ཞུར་ཧུར་ཐག་གིས་ལན་སློག་པ་དང་། ཉིང་སྐྱུར་བརྟག་དཔྱད་ཀྱི་བརྡ་ཐོ་དང་ཡུལ་དངོས་དོ་དམ་བཟང་པོ་བྱེད་པར་གཞོགས་འདེགས། བཀག་སྡོམ་ས་ཁུལ་གྱི་མི་སྣ་ཡོངས་དང་དོ་དམ་ཚོད་འཛིན་ཁུལ་གྱི་མི་སྣ་ཡོངས་དང་འགྲོ་འོང་སྟབས་བདེ་མེད་པའི་མི་སྣའི་འཚོ་བའི་དངོས་ཟོག་གི་དགོས་མཁོ་བསྡུ་རུབ་དང་། ཉོ་སྒྲུབ། སྡེབ་སྐྱེལ་བཅས་ལ་འགན་ལེན་བྱེད་པ། བཀག་སྡོམ་ས་ཁུལ་དང་དོ་དམ་ཚོད་འཛིན་ཁུལ་གྱི་མང་ཚོགས་ཀྱི་སེམས་ཁམས་ལ་ཁྲིད་སྟོན་དང་སེམས་གསོ་བཟང་པོ་བྱེད་པ། རིམས་ནད་འགོག་སྡོམ་བྱེད་སྐབས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་པའི་སྲིད་ཇུས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར། རྫོང(ཆུས)བཅས་ཀྱི་འབྲེལ་ཡོད་རིམས་ནད་འགོག་སྡོམ་གྱི་སྲིད་ཇུས་བླང་བྱ་རྒྱུན་མཐུད་སྒོས་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱིས་དབང་གྲགས་ཆ་འཕྲིན་ལ་དོ་ཁུར་དང་། དྲ་རྒྱའི་དཀྲོག་གཏམ་མཐའ་གཅིག་ཏུ་བཀག་འགོག་བྱེད་པར་ཁྲིད་སྟོན་བྱས་ཏེ། བདེ་འཇགས་དང་དཔལ་ཡོན་གྱི་འཚོ་བ་སྐྱེལ་དགོས། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།