ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམས་ནད་འགོག་སྡོམ་སྐོར་གྱི་ཤ་ཚའི་དྲན་སྐུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ལོག་མཁན་རྣམས་ཀྱི་“ཡུལ་དངོས་ཀྱི་ཞིབ་བཤེར་”ནན་མོ་ལག་བསྟར་བྱ་དགོས། མཚོ་སྔོན་དུ་འགྲོ་སྐབས་ཆུ་ཚོད48ནང་གི་སྙིང་སྐྱུར་བརྟག་དཔྱད་ཚད་ལེན་སྲིབ་གཤིས་ཡིན་པའི་དཔང་ཡིག་ཡོད་དགོས་པ་དང་།དུས་ཐོག་ཏུ་སྡོད་སའི་གཞིས་ཁུལ་དང་། ལས་ཁུངས། མགྲོན་ཁང་དུ་སྡོད་པར་ཐོ་འགོད་སྙན་ཞུ་ཕུལ་ནས་བདེ་ཐང་དོ་དམ་བྱས་ཐོག  མཚོ་སྔོན་དུ་འབྱོར་རྗེས་ཀྱི་ཆུ་ཚོད24ཡི་ནང་ཐག་ཉེ་སའི་ཉིང་སྐྱུར་དཔེ་ལེན་སར་སོང་ནས་པྲོག་གསར་ནད་དུག་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་གཅིག་བྱ་དགོས། 

2.ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ལོག་པའི་མི་ཚང་མའི་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ལ་དོ་སྣང་ཆེན་པོ་བྱེད་དགོས། དྭངས་གསལ་དུས་ཆེན་གྱི་གུང་གསེང་བཏང་རྗེས་། ཧྲང་ཧེ་དང་།ལམ་བར་ནས་ཧྲང་ཧེ་རུ་བརྒྱུད་པ།དེ་བཞིན་ཉེན་ཁ་ཆེ་བའི་ས་ཁུལ་བཅས་ནས་མཚོ་སྔོན་དུ་ལོག་པའི་མི་ཚང་མར་ཉིན14ནང་གཅིག་བསྡུས་ལོགས་བཀར་བྱ་དགོས་ལ། ཉེན་ཁ་ཆུང་བའི་ས་ཁུལ་ནས་ཕྱིར་ལོག་པ་དང་འགྲོ་བསྐྱོད་རྩ་གཉིས་བཤེར་ཨང་དུ་ཉེན་ཁ་ཡོད་པའི་ས་གནས་སུ་ཕེབས་པའི་སྐར་མ་ཤར་ཚེ། ཁྱིམ་དུ་སྡོད་པའི་བདེ་ཐང་ལྟ་ཞིབ་ཚད་ལེན་གྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ཉིན3དང་ཞིབ་དཔྱད་ཐེངས2བྱེད་པར་ནན་ཏན་སྒོས་ལག་བསྟར་བྱེད་དགོས། ཡིད་རྟོན་བདེ་ཐང་བཤེར་ཨང་དང་ལམ་བསྐྱོད་རྩ་གཉིས་བཤེར་ཨང་བཅས་རྒྱུན་ལྡན་ཡིན་པའི་ཞིང་ཆེན་གཞན་གྱི་ལས་གནས་ཕྱིར་ལོག་པའི་མི་སྣའི་དུས་ཐོག་ཏུ་ཉིང་སྐྱུར་ཞིབ་དཔྱད་བྱེད་པ་དང་། ཞིབ་དཔྱད་ཚད་ལེན་བྱ་པའི་མཇུག་འབྲས་སྲིབ་གཤིས་སུ་མངོན་ཚེ་ད་བཟོད་ལས་གནས་སྟེང་སོང་ནས་བྱ་བ་སྒྲུབ་ཆོག 

3.ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ལོག་པའི་མི་ཚང་མའི་རང་ཉིད་ཀྱི་བདེ་ཐང་བཤེར་ཨང་ལ་དོ་སྣང་ཆེན་པོ་བྱ་དགོས། “མདོག་ལྗང་ཁུ”མིན་པར་དུས་ཐོག་ཏུ་རང་འགུལ་ངང་ས་གནས་དེ་གའི་སྡེ་ཁུལ་དང་ལས་ཁུངས། ཡང་ན་མགྲོན་ཁང་ལ་སྙན་ཞུ་ཕུལ་ནས་ཐོ་འགོད་བྱེད་དགོས་པ་མ་ཟད། མི་སྒེར་གྱི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་འགོག་སྲུང་ཡག་པོ་བྱེད་དགོས།

4.མི་ཚང་མས་དུས་རྒྱུན་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱ་དགོས། ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ། བར་ཐག་སྨི་གཅིག་རྒྱུན་འཁྱོངས་བྱེད་པ། གཞུང་གི་ཐུར་མ་སྤྱོད་པ། འདུ་འཛོམས་ཉུང་བ། ཁ་དབུགས་རྒྱུད་པ་སོགས་ཀྱི་གོམས་གཤིས་བཟང་པོ་མུ་མཐུད་དུ་མཐའ་འཁྱོངས་བྱས་ཐོག མི་མང་ས་དང་མཁའ་དབུགས་མི་བརྒྱུད་ས་རུ་མི་འགྲོ་བ ། ཉེ་ལམ་ཞིང་ཆེན་ལས་བརྒལ་ནས་ཕྱིར་སྐྱོད་པའམ་ཡང་ན་ཡུལ་སྐོར་རུ་མི་འགྲོ་བར་བསམ་འཆར་བཏོན་པ་ཡིན། 

5.ཚང་མས་རང་ཉིད་ཀྱི་བདེ་ཐང་ལ་ཚད་མཐོ་བའི་དོ་སྣང་ཆེན་པོ་བྱ་དགོས། སྣ་དང་མིད་པ་མི་བདེ་བ་དང་གློ་ལུ་བྱེད་པ། ཧབ་སྦྲིད་རྒྱག་པ། ཚ་རྒྱས་བ་སོགས་ཀྱི་ནད་རྟགས་ཐོན་ཚེ། འགོག་སྲུང་ཡག་པོ་བྱེད་པའི་སྔོན་འགྲོའི་གནས་ཚུལ་འོག ཐག་ཉེ་སའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དེ་ཉིང་སྐྱུར་ཞིབ་དཔྱད་དང་ལེན་བྱ་དགོས།

6པྲོག་གསར་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་རྒྱག་དགོས། རིམས་འགོག་སྨན་ཁབ་རྒྱག་པ་ནི་མིག་སྔར་པྲོག་གསར་རིམས་ནད་སྔོན་འགོག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རྒྱ་ཆེའི་མང་ཚོགས་ཀྱིས་མགྱོགས་མྱུར་ངང་རིམས་འགོག་སྨན་ཁབ་རྒྱག་དགོས་པ་དང་། རིམས་འགོག་སྨན་ཁབ་རྒྱག་མ་ཚར་བའི་མང་ཚོགས་རྣམས་པའི་མགྱོགས་མྱུར་ངང་རིམས་འགོག་སྨན་ཁབ་རྒྱག་དགོས། རིམས་འགོག་སྣོན་ཁབ་རྒྱག་པར་ཆ་རྐྱེན་དང་མཐུན་པའི་མི་སྣས་གཏན་འཁེལ་བྱས་པའི་དུས་ཚོད་ནང་མགྱོགས་མྱུར་ངང་སྣོན་ཁབ་རྒྱག་པ། 

7.རིམས་ནད་འགོག་སྡོམ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་མོ་བྱ་དགོས།  རིམས་ནད་འགོག་སྡོམ་བྱེད་སྐབས་རང་འགུལ་ངང་ཡར་ཞུ་མི་བྱེད་པ་དང་།  བསམ་བཞིན་ཏུ་འགྲོ་སྐྱོད་གསང་བ། རིམས་ནད་མཆེད་པའི་ཉེན་ཁ་བཟོ་བ་དང་རིམས་ནད་དང་འབྲེལ་བ་ཡོད་པའི་དཀྲོག་གཏམ་བཤད་པ་སོགས་བྱས་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བྱེད་རྒྱུ་རེད། མི་རེ་རེ་ནི་རང་ཉིད་ཀྱི་བདེ་ཐང་གི་འགན་འཁྲི་བ་དང་པོ་ཡིན་པ་དང་། རིམས་ནད་འགོག་སྡོམ་བྱེེད་པར་མི་ཚང་མར་འགན་འཁྲི་ཡོད། སྔར་ལས་ལྷག་པར་ཁྱེད་དང་མི་གཞན་གྱི་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བྱ་ཆེད། ཚན་རིག་དང་མཐུན་པའི་སྒོ་ནས་རང་རྟོགས་ངང་འགོག་སྲུང་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱེེད་པ་དང་། རྒྱུན་ལྡན་གྱི་རིམས་ནད་འགོག་སྡོམ་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ། མཉམ་གཅིག་ཏུ་རིམས་ནད་འགོག་སྡོམ་གྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས།  ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།