ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་བྱེད་ཐབས་དོན་ཚན་བཅུ་ཡིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཞབས་ཞུ་གཙོ་གནད་ལས་གཞི་ལེགས་བསྒྱུར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས《གཙོ་གནད་ལས་གཞིའི་ཞབས་ཞུ་ལེགས་བསྒྱུར་བྱས་ཏེ་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་བྱེད་ཐབས་བཅུ》(གཤམ་ནས“བྱེད་ཐབས་བཅུ”ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས། བྱེད་ཐབས་འདི་དག་ནི་ལས་གཞི་ཇུས་འགོད་དང་། འཆར་འགོད། འཁོར་སྐྱོད་བཅས་དུས་རིམ་གསུམ་དུ་དབྱེ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཞབས་ཞུ་སྔར་ལས་ལེགས་སྒྱུར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་གཞི་མགྱོགས་མྱུར་ངང་དངོས་འབེབས་བྱེད་པར་རྒྱབ་སྐྱོར་བྱས། 

སྔ་མོ་ནས་ལས་གཞི་ཇུས་འགོད་བྱེད་པའི་ཕྱོགས་ནས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སྐྱེ་ཁམས་ཁོར་ཡུག་གི་ཆོག་འཐུས་ཡང་དག་སྣེ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི"ཐིག་གསུམ་དང་གསལ་ཐོ་གཅིག"གི་བེད་སྤྱོད་ལ་མུ་མཐུད་དུ་སྐུལ་བ། ཐོན་ལས་བཀོད་སྒྲིག་ལེགས་སྒྱུར་ལ་སྣེ་ཁྲིད་པ། གཙོ་གནད་ལས་རིགས་ལ་ཤུགས་སྣོན་པ་དང་ཐོན་ལས་གླིང་ཁུལ་ཇུས་འགོད་ཁོར་ཡུག་དཔྱད་འཇོག དེ་བཞིན་རྗེས་སྙེག་དཔྱད་འཇོག་བཅས་ལ་ཤུགས་སྣོན་རྒྱུ་ཡིན་པ་དང་། ལས་གཞིའི་གནས་ཡུལ་འདེམ་པའི་མཛུབ་སྟོན་ལ་ཤུགས་བསྣན་ཏེ། ཁོར་ཡུག་གི་དམིགས་བསལ་ཁུལ་ལ་ལུགས་མཐུན་གྱིས་གཡོལ་དགོས་པ་དང་། འབྲེལ་ཡོད་གཏན་འབེབས་དང་མཐུན་ཞིང་ཁོར་ཡུག་གི་དམིགས་བསལ་ཁུལ་ལ་གཡོལ་ཐབས་མེད་པའི་ལས་གཞིའི་རིགས། སྒྲིག་ཁྲིམས་ལྟར་སྲིད་འཛིན་ཆོག་མཆན་འགྲོ་ལུགས་སྒྲུབ་དགོས་པར་མ་ཟད། གནོད་མེད་མཆོང་བརྒལ་གྱི་རྣམ་པ་སྤྱད་དེ། སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་ཐབས་ཇེ་དྲག་ཏུ་གཏང་དགོས། སྔ་མོ་ནས་ཁོར་ཡུག་དཔྱད་འཇོག་སྤེལ་བར་མཛུབ་སྟོན་དང་། གཙོ་གནད་ལས་གཞི་ཁོར་ཡུག་དཔྱད་འཇོག་ཞིབ་མཆན་ཞབས་ཞུའི་རྩིས་ཐོ་འཛུགས་པ་དང་འགུལ་རྣམ་གསར་སྒྱུར་བྱེད་པ། ཁོར་ཡུག་དཔྱད་འཇོག་རྗེས་སྙེག་ཞབས་ཞུ་ཇེ་དྲག་ཏུ་གཏོང་བ། ཁོར་ཡུག་དཔྱད་འཇོག་སྒྲིག་གཞི་བྱ་བ་སྤེལ་བར་སྔ་མོ་ནས་རྩ་འཛུགས་བྱེད་པར་ལྟ་སྐུལ་བྱེད་དགོས། 

ཁོར་ཡུག་ཞིབ་མཆན་ཞབས་ཞུ་ལེགས་སྒྱུར་བྱེད་པའི་ཕྱོགས་ནས། ཞིང་ཆེན་སྐྱེ་ཁམས་ཁོར་ཡིག་ཐིང་གིས་རྗེས་སྙེག་ཞབས་ཞུའི་ཁོར་ཡུག་སྒྲིག་གཞི་ལེགས་པར་སྒྲུབ་པ་དང་། ལྟ་སྐུལ་བརྟག་བཤེར་གཞི་གྲངས་སྤྱི་སྒྲོག་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཁོར་ཡུག་དཔྱད་འཇོག་ཞིབ་མཆན་ནུས་ཕྱོད་མཐོར་འདེགས་པ་དང་། ཁོར་ཡུག་དཔྱད་འཇོག་ཞིབ་མཆན་གྱི་དྲང་ཕྱོགས་གསལ་ཐོ་ལག་ཏུ་བསྟར་བ། ཁོར་ཡུག་དཔྱད་འཇོག་ཞིབ་མཆན་གྱི་དུས་ཡུན་ཇེ་ཐུང་དུ་གཏོང་བ། ཁོར་ཡུག་དཔྱད་འཇོག་རིམ་དབྱེ་ཞིབ་མཆན་མུ་མཐུད་དུ་ལེགས་སྒྱུར་བྱེད་དགོས། སྤྱི་འབོར་དམིགས་ཚད་དོ་དམ་ལེགས་སྒྱུར་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་གནད་འགག་ལས་གཞིའི་འབག་རྫས་གཙོ་བོ་ཕྱིར་གཏོང་སྤྱི་འབོར་དམིགས་ཚད་མཐུན་སྦྱོར་ཐག་གཅོད་བྱེད་པ། འཛུགས་སྐྲུན་ལས་ཁུངས་ཀྱིས་ལས་གཞི་བཟོ་རྩལ་ལེགས་སྒྱུར་ལ་ཧུར་ཐག་གིས་མཛུབ་སྟོན་བྱེད་དགོས་པར་མ་ཟད། འབག་རྫས་ཕྱིར་གཏོང་དབང་ཆའི་བརྗེ་རེས་རྣམ་པ་ལེགས་སྒྱུར་བྱེད་དགོས། 

ལས་གཞི་འཁོར་སྐྱོད་ལ་གནད་འཁེལ་མཐུད་སྦྲེལ་དང་། ཁོར་ཡུག་དོ་དམ་རོགས་སྐྱོར་ལ་ཤུགས་སྣོན་པའི་ཕྱོགས་ནས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་འབག་རྫས་འགོག་བཅོས་བྱ་བའི་ཡུལ་དངོས་མཛུབ་སྟོན་ལ་སྔར་ལས་ཤུགས་སྣོན་པ་དང་། འབག་ཁུངས་འབག་གཏོང་ཆོག་མཆན་དཔང་ཡིག་ཐོ་འགོད་ཏན་ཏིག་གིས་སྤེལ་ནས། འབག་རྫས་ཕྱིར་གཏོང་ཆོག་མཆན་དཔང་ཡིག་སྤུས་ཚད་དཔྱད་ཞིབ་དང་དཔང་ཡིག་རྗེས་ཀྱི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་དགོས། ཁོར་ཡུག་སྲུང་སྐྱོང་རོགས་སྐྱོར་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ཀྱི་དགོས་མཁོ་དང་རང་འགུལ་ངང་ཧུར་ཐག་གིས་མཐུད་སྦྲེལ་བྱེད་པ་དང་། གཙོ་གནད་ལས་གཞིའི་ཡུལ་དངོས་བརྟག་དཔྱད་བཅར་འདྲི་ལ་ཤུགས་བསྣན་ནས། ཁེ་ལས་ལ་རོགས་བྱས་ནས་ཁོར་ཡུག་སྲུང་སྐྱོང་ཕྱོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་དགོས་ལ། འབག་རྫས་འགོག་བཅོས་བྱེད་ཐབས་ཁག་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ལྟ་རྟོག་ཁྲིམས་བསྟར་དྲང་ཕྱོགས་གསལ་ཐོ་དོ་དམ་ལམ་ལུགས་དངོས་འབེབས་བྱེད་དགོས། གཙོ་གནད་ལས་རིགས་ཐོན་ལས་ཀྱི་གཙོ་གཉེར་སྡེ་ཁག་དང་མཐུན་སྦྱོར་སྐུལ་འདེད་ཀྱིས་ཁོར་ཡུག་དཔྱད་འཇོག་ཇུས་འགོད་ཀྱི་དོ་དམ་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། དུས་ལྟར་གཙོ་གནད་ལས་གཞི་ལ་འཕྲད་པའི་དཀའ་གནད་དང་ཁེགས་གནས་གནད་དོན་གྲོས་བསྡུར་ཞིབ་འཇུག་གིས་ཐག་གཅོད་བྱེད་དགོས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།