ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཡོན་རྫོང་གི་རྒྱལ་ཁབ་རིམ་པའི་དཔེ་སྟོན་གླིང་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཧོང་ཡོན་རྫོང་གི་རྒྱལ་ཁབ་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླུང་གི་འཛུགས་སྐྲུན་རྣམ་གྲངས་དེ་ཧོང་ཡོན་རྫོང་ཏ་དཔའ་གྲོང་རྡལ་དུ་འཛུགས་སྐྲུན་བྱེད་མགོ་བརྩམས། 

2020ལོར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་པུའུ་ཨུ7གྱིས་མཉམ་དུ་སྐོར་གཉིས་པའི་རྒྱལ་ཁབ་ཀྱི་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང100ཡི་མིང་ཐོ་དཔར་འགྲེམ་བྱས་ཤིང་། ཧོང་ཡོན་རྫོང་གི་རྒྱལ་ཁབ་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་ནི་མཚོ་སྔོན་ཞིང་ཆེན་གྱི་བདམས་ཐོན་བྱུང་བའི་རྣམ་གྲངས་ཀྱི་ནང་གསེས་ཤིག་ཡིན། གླིང་ཁུལ་ནི་ཐོན་ལས་ཕྲེང་འབྲེལ་རྒྱུན་སྲིང་རིགས་ཀྱི་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་ཡིན་པ་དང་། ཐོན་ལས་གཅིག་བསྡུས་འཕེལ་རྒྱས་ལ་སྣེ་ཁྲིད་དང་། དེང་རབས་ཞིང་ལས་ཐོན་ལས་མ་ལག་རིམ་སྤར་ཚུལ་སྒྱུར་དང་སྲོག་ཤིང་ཐོན་ལས་ཁུལ་གྱི་སྣེ་ཁྲོད་མཉམ་འདྲེས་འཕེལ་རྒྱས་ལ་སོགས་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་བྱེད་པར་འཚོལ་ཞིབ་བྱ་རྒྱུ་རེད། ཞིང་ཕྱུགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཇེ་མཐོར་གཏོང་བ་དང་ཆབས་ཅིག རོང་འབྲོག་པའི་ལུགས་མཐུན་གྱི་ཐོན་ལས་ཕྲེང་འབྲེལ་གྱི་རིན་འཕར་ཕན་ཁེ་ཐོབ་པར་འགན་སྲུང་བྱ་རྒྱུ་རེད།

གླིང་ཁུལ་གྱིས་མཐོ་སྒང་གི་ཞིང་ལས་ཐོན་ལས་གསོག་འཇོག་དང་ཉོ་ཚོང་སྟེགས་བུ་སྐྲུན་པར་དམིགས་ནས། ཉེ་འདབས་ཀྱི་ཞིང་བ་ལས་ཞུགས་བྱེད་པར་སྣེ་ཁྲིད་དང་། གྲོང་གསེབ་ཀྱི་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་ཐོན་ལས་ཅན། སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་བཅས་ལ་སྣེ་ཁྲིད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་འདོན་སྤྲོད་བྱ་ཡུལ་དང་འཕྲལ་བསྟུན་དངོས་རྫས་གསོག་ཉར་རྟེན་གཞི་གལ་ཆེན་དུ་གྱུར་རྒྱུ་རེད།

གླིང་ཁུལ་འཁོར་སྐྱོད་བྱེད་མགོ་རྩོམ་རྗེས། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྐྱེལ་འདྲེན་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་བྱས་རྗེས་ཆེན་པོ་འཇོག་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།