ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་མཚོ་སྔོན་གྱིས་རྨང་གཞི་སློབ་གསོའི་སློབ་གྲྭ50བསྒྱུར་བཀོད་རྒྱས་སྐྲུན་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སློབ་གསོ་ཐིང་ནས་རྒྱུས་ལོན་པ་ལྟར་ན། 2000ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བྱིས་གཉོར་ཁང་གི་སློབ་གྲྭ་འཛུགས་སྐྱོང་ཆ་རྐྱེན་གྱི་ཞན་ཆ་དང་མི་དམངས་མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་པའི་འབུར་ཐོན་གནད་དོན་ལ་དམིགས་ནས། དམིགས་ཡུལ་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། རྣམ་གྲངས་འཛུགས་སྐྲུན་མ་དངུལ་བརྩོན་ལེན་བྱས་ཏེ། སློབ་སྔོན་སློབ་གསོའི་སྒྲིག་ཆས་འཛུགས་སྐྲུན་ལག་བསྟར་དང་འོས་འགན་སློབ་གསོའི་ཞན་ཆ་ལེགས་བཅོས་དང་ནུས་ཤུགས་མཐོར་འདེགས་བཟོ་སྐྲུན་བརྒྱུད་དེ། རྨང་གཞི་སློབ་གསོའི་སློབ་གྲྭ50བསྒྱུར་བཀོད་རྒྱས་སྐྲུན་བྱ་རྒྱུ་རེད། ལག་བསྟར་ཁྱབ་ཁོངས་གྲོང་ཁྱེར་དང་ཁུལ8ལ་ཁྱབ་རྒྱུ་ཡིན་པ་དང་། རང་ཞིང་གི་རྨང་གཞི་སློབ་གསོའི་སློབ་གྲྭ་ཡི་འཛུགས་སྐྱོང་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་སློབ་སྒྲུབ་སྤུས་ཚད་ཇེ་མཐོར་གཏོང་བར་ཕན་ནུས་གལ་ཆེན་འདོན་རྒྱུ་རེད།

རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བྱིས་གཉོར་ཁང་གི་གཞི་རྩའི་སློབ་གྲྭ་འཛུགས་སྐྱོང་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཐུབ་པ་མ་ཟད། རང་ཞིང་གི་སློབ་གསོ་དོ་ཉམས་མིན་པ་དང་འདང་ངེས་མིན་པའི་འགལ་ཟླ་ཞི་ལྷོད་དུ་བཏང་ནས། སློབ་གསོའི་ཁྱབ་གདལ་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། སློབ་གསོའི་ཐོན་ཁུངས་ཆ་སྙོམས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། སློབ་སྔོན་སློབ་གསོའི་ཁྱབ་གདལ་ཀུན་ཕན་དང་། འོས་འགན་སློབ་གསོའི་སྤུས་ལེགས་ཆ་སྙོམས། མཐོ་འབྲིང་དཀྱུས་མའི་ཁྱད་ལྡན་སྣ་མང་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས། རང་ཞིང་གི་རྨང་གཞི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏང་ནས། མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཐོབ་སྣང་དང་སྐྱིད་སྣང་། ཡིད་ཚིམ་ཚད་བཅས་ཇེ་མཐོར་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།