ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཝའེ་ཏུང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་འཕྲལ་བསྟུན་དོ་དམ་བྱ་བའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོག་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས2ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཝའེ་ཏུང་གིས་ཟི་ལིང་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་ཏུ་འགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་འཕྲལ་བསྟུན་དོ་དམ་བྱ་བའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་བསྡུས་ཤིང་། དུས་ཚོད་དང་པོའི་ནང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ། ཞིང་ཆེན་སྲིང་གཞུང་གི་རྒྱུན་ལས་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། བདེ་འཇགས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ལ། ལས་འགན་གཙོ་བོར་བཀོད་སྒྲིག་བྱས་པར་མ་ཟད། ཡུལ་དངོས་ནས་འཕྲལ་བསྟུན་སྦྱོང་བརྡར་ལ་ལྟ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་དགོངས་པ་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་བླང་བྱ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་སོ་སོ་དོན་འཁྱོལ་བྱེད་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་བྱ་བའི་དོན་འཁྱོལ་དམ་འཛིན་བྱེད་པ། བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པ་ནན་གྱིས་བསྟན།

ཝང་ཝའེ་ཏུང་གིས་ནན་གྱིས་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་ཛ་དྲག་དང་རྙོག་འཛིང་ཆེ་བས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་བདེ་འཇགས་འགན་འཁྲི་དམ་འཛིན་བྱེད་པ། ངེས་པར་དུ་སྒྲུབ་དགོས་པ་གསུམ་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས་བདེ་འཇགས་དོན་རྐྱེན་ཚབས་ཆེན་མི་འབྱུང་བའི་འགོག་ཐིག་བརྟན་སྲུང་བྱེད་དགོས། རྒྱལ་ནང་གི་འབྲེལ་ཡོད་དོན་རྐྱེན་གྱི་ཉམས་མྱོང་བསྡུ་ལེན་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤང་ཅི་ཐུབ་བྱས་ཏེ། ལས་རིགས་གཙོ་བོ་དང་ས་ཁུལ་གཙོ་བོ། ཁེ་ལས་གཙོ་བོར་དམ་པོར་དམིགས་ནས་བདེ་འཇགས་ཐད་ཀྱི་ཞིབ་བཤེར་གཏིང་ཟབ་སྤེལ་བ་དང་། ཆེད་དོན་འགུལ་སྐྱོད་ཏན་ཏིག་གིས་སྤེལ་ཏེ་རིགས་སོ་སོའི་བདེ་འཇགས་ཉེན་ཁའི་མངོན་མེད་རྐྱེན་ངན་ལེབ་བཤེར་བཅོས་སྐྱོང་བྱེད་དགོས། ནུས་ཤུགས་ཡོད་རྒུས་དུར་མཆོད་དུས་ཆེན་སྐབས་ཀྱི་བདེ་འཇགས་འགོག་སྲུང་ལེགས་པོར་བསྒྲུབ་པ་དང་། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་ཁྱད་སེལ་བྱེད་པ།  ཐལ་ཆེ་བའི་གནམ་གཤིས་ལས་བྱུང་བའི་རང་བྱུང་གནོད་འཚེ་དང་ས་གཤིས་གནོད་འཚེ། མེ་སྐྱོན་ཉེན་ཁར་དམིགས་ནས་བཀོད་འདོམས་མ་ལག་འཐུས་ཚང་དུ་གཏོང་བ་དང་དང་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་ལ་ཤུགས་སྣོན་པ། ཁྲིམས་ལག་བསྟར་ལ་ལྟ་སྐུལ་ནན་མོ་བྱེད་པ། སྟོབས་ཤུགས་འཛུགས་སྐྲུན་དང་འཕྲལ་བསྟུན་ལས་སྲུང་ལ་ཤུགས་སྣོན་བྱེད་པ། འགོག་སྲུང་གི་རྨང་གཞི་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་ངེས་པ་དོན་གྱིས་རོགས་སྐྱོབ་ཀྱི་གྲ་སྒྲིག་ལེགས་པོར་བསྒྲུབ་སྟེ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་གནས་བབ་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།