ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིན་རོས་ཧྥུན་གྱིས་ཟི་ལིང་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ལྐོག་བཅར་ལྟ་སྐུལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཁྲིན་རོས་ཧྥུན་གྱིས། མིན་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་སྤྱད་དེ། ཟི་ལིང་གྲོང་ཁྱེར་གྱི་ཉིང་བསྐྱུར་ལྟ་ཞིབ་ཚད་ལེན་ས་ཚིགས་དང་སྡོད་ཁུལ་ཆུང་ངུའི་ར་སྐོར། ལོགས་བཀར་ཁང་བཅས་རེ་འགའི་ནང་དུ་སོང་ནས། ཡུལ་དངོས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྐོག་ནས་འདྲི་རྩད་དང་མཛུབ་སྟོན་བྱས་ནས། འཐབ་ཕྱོགས་དང་པོའི་ལས་དོན་མི་སྣར་འཚམས་འདྲི་བྱས།  ཁོས་ནན་གྱིས་བསྟན་དོན། མིག་སྔའི་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་གནས་པའི་རྙོག་འཛིང་ཆེ་བའི་གནས་སྟངས་ལ་ངོས་འཛིན་གང་ལེགས་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་མོ་བྱས་ནས། རིམས་ནད་ཕྱི་ནས་ནང་དུ་མཆེད་པ་སྔོན་འགོག་དང་ནང་ནས་ཡང་བསྐྱར་མི་འཕར་བར་བྱེད་པའི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་དགོས། ཟི་ལིང་གྲོང་ཁྱེར་གྱི་འགོ་ཁྲིད་ནན་ཧེ་ཡན་ཐེངས་འདིའི་ལྟ་སྐུལ་བྱ་བར་ཞུགས།

ཁྲིན་རོས་ཧྥུན་གྱིས་བླང་བྱ་བཏོན་དོན། བསམ་བློ་སྟེང་ནས་དོགས་ཟོན་ཆེན་པོ་བྱས་ནས། འགྲོ་འོང་མི་སྣར་དོ་དམ་ནན་མོ་བྱེད་རྒྱུ་དང་། མི་མངོན་པའི་རྐྱེན་ངན་མཐའ་དག་སེལ་བ་དང་སྐྱོན་ཆ་ཚང་མ་གསབ་ནས། ཕྱི་ནས་ཡོང་བའི་རླངས་འཁོར་རེ་རེ་དང་ཕྱི་ནས་ཡོང་བའི་མི་སྣ་ཚང་མར་མིང་ངོ་མ་སྤྱད་དེ་ཐོ་འགོད་དང་དོ་དམ་ཞིབ་ཚགས་བྱེད་དགོས་ལ། ཆ་འཕྲིན་རྩིས་ཐོ་བཟོས་ཏེ་མིག་མདུན་དུ་གནས་པའི་གཡུལ་ས་ཡག་པོ་སྲུང་དགོས།  འཐབ་ཕྱོགས་དང་པོའི་ལས་རེས་བློ་མཐུན་ཚོའི་ལས་ཀ་དང་འཚོ་བར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་ལས་རེས་ལམ་ལུགས་གཏན་འབེབས་བྱས་ཏེ། སེམས་ཤུགས་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་ལས་ཀར་ཞུགས་རྒྱུར་འགན་ལེན་བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚར་གཅོད་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།