ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཧུང་ཡ་ཡིས་དུར་མཆོད་དུས་ཆེན་སྐབས་ཀྱི་འགྲིམ་འགྲུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱ་བར་བརྟག་བཤེར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡ་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱིའི་རུ་ཁག་ཏུ་སོང་ནས། ཞིང་ཆེན་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་གནས་ཚུལ་ལ་ཉན་པ་དང་། འགྲིམ་འགྲུལ་འཕྲལ་བསྟུན་བཀོད་འདོམས་སྟེགས་བུ་བརྒྱུད་དེ། བརྙན་རིས་ཀྱི་ལམ་ནས་ས་ཆ་སོ་སོའི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོབ་གནས་ཚུལ་ལ་བརྟག་བཤེར་བྱས་པ་དང་། ལས་རྐང་བརྟན་སྲུང་དང་བདེ་འཇགས་འགན་སྲུང་བརྟན་སྲུང་བྱས་པའི་ཉེན་རྟོག་པར་འཚམས་འདྲི་བྱས།

ལིས་ཧུང་ཡ་ཡིས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོ། གྲོང་ཁྱེར་གྱི་ལམ་དྲ། ཞིང་སྡེའི་བགྲོད་ལམ་གཙིགས་འཛིན་བྱེད་པ་དང་། དུར་མཆོད་དུས་ཆེན་སྐབས་ཀྱི་འགྲིམ་འགྲུལ་ཕྱིར་བགྲོད་དང་མི་སྣའི་འགྲོ་འོང་ཇེ་མང་དུ་འགྲོ་བ། ལས་གཞི་གལ་ཆེན་གཅིག་བསྡུས་ལག་བསྟར་བྱེད་པ། དཔྱིད་འདེབས་ཐོན་སྐྱེད་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བ་སོགས་གནས་ཚུལ་དངོས་ལ་ཁ་གཏད་དེ། བགྲོད་ལམ་འགྲིམ་འགྲུལ་གྱི་དོན་རྐྱེན་ཆེན་པོ་མི་འབྱུང་བར་བྱེད་པ་དང་། འགོ་ཁུངས་ཀྱི་ཉེན་ཁ་བཅོས་སྐྱོང་དང་ལམ་ངོས་ཀྱི་འགྲིམ་འགྲུལ་སྒྲིག་ལམ་དོ་དམ་ཚོད་འཛིན། འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་སློབ་གསོ་དང་འཕྲལ་བསྟུན་མཉམ་འབྲེལ་ལ་ཤུགས་སྣོན་པ། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་བདེ་འཇགས་གནས་བབ་བརྟན་བརླིང་དང་གོ་རིམ་ལྡན་པར་སྲུང་སྐྱོབ་བྱས་ཏེ། རྒྱ་ཆེའི་མང་ཚོགས་བདེ་ཐང་ངང་ཕྱིར་བསྐྱོད་པར་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།