ཀྲུང་གོ་བོད་ཀྱི་དྲ་བ།

ཏུའུ་ཏི་ཀྲི་ཡིས་རང་ཞིང་གི་འབྲུ་རིགས་གསོག་འཇོག་དང་འཕྲལ་བསྟུན་འགན་སྲུང་འཛུགས་སྐྲུན་ལེགས་སྒྱུར་བྱས་པའི་གནས་ཚུལ་སྐོར་ནས་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་གཅིག་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་ཡིས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་དམངས་གཙོ་ཏང་ཁག་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་མི་སྣ་ཁྲིད་དེ་ཞིང་ཆེན་དམག་མིའི་འབྲུ་རིགས་སྡེ་ཚོགས་དང་། ཞིང་ཆེན་འབྲུ་སྣུམ་བརྟག་དཔྱད་ཚད་ལེན་ཁང་སོགས་སུ་སོང་ནས། རང་ཞིང་གི་འབྲུ་རིགས་གསོག་འཇོག་དང་འཕྲལ་བསྟུན་འགན་སྲུང་འཛུགས་སྐྲུན་ལེགས་སྒྱུར་བྱས་པའི་གནས་ཚུལ་སྐོར་ནས་རྟོག་ཞིབ་བྱས།

འབྲེལ་ཡོད་གནས་ཚུལ་སྙན་ཞུ་ལ་ཉན་རྗེས། ཏུའུ་ཏི་ཀྲི་ཡིས་ནན་གྱིས་བསྟན་དོན། སེམས་སུ་རྒྱལ་ཁབ་ཀྱི་དོན་ཆེན་ཉར་ནས། མཚོ་སྔོན་གྱི་འབྲུ་མཛོད་ལ་སྲུང་སྐྱོང་བྱེད་དགོས། མཚོ་སྔོན་གྱི་འབྲུ་མཛོད་བརྟན་འཇགས་དོ་དམ་བྱེད་པའི་ཆབ་སྲིད་འགན་འཁུར་དམ་འཛིན་བྱས་ནས། འབྲུ་རིགས་ས་གཞིའི་སྟེང་ཐོན་པ་དང་ལག་རྩལ་ལ་བརྟེན་ནས་ལོ་འདབ་རྒྱས་པའི་འཐབ་ཇུས་དངོས་འབེབ་བྱས་ནས། འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་དང་གསོག་འཇོག་སྙོམ་སྒྲིག  འཁོར་རྒྱུགས་ལས་སྣོན། འཕྲལ་སྒྲུབ་འགན་སྲུང་ནུས་པ་བཅས་མཐོར་འདེགས་སུ་གཏོང་དགོས། རང་ཞིང་གི་སྐམ་ཤོས་ཆེ་བའི་ནམ་ཟླ་དང་དང་གནོད་འབུ་ཉུང་བ། བྱེ་མའི་རང་བཞིན་གྱི་ས་གཞི་མོད་པ་སོགས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས། རང་ཞིང་གི་རྒྱལ་ཁབ་འབྲུ་རིགས་གསོག་འཇོག་ཁུལ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱས་ནས། རྒྱལ་ཁབ་འབྲུ་རིགས་བདེ་འཇགས་ཕྱོགས་ནས་མཚོ་སྔོན་གྱིས་བྱས་རྗེས་འཇོག་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།