ཐུན་ཏེ་རྫོང་གིས་དཔྱིད་ཀའི་རྨོ་འདེབས་བྱ་བར་གྲ་སྒྲིག་བྱས།

微信图片_20220329164821.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་ཀའི་རྨོ་འདེབས་བྱ་བ་ནི་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་དང་གནད་འགག་ཅིག་ཡིན་པས། ད་ལོའི་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་བྱ་བའི་དགོས་མཁོ་སྐོང་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཞིང་ལས་འདེབས་འཛུགས་ཀྱི་དུས་ཚིགས་དམ་འཛིན་དང་ཞིང་ལས་དངོས་ཟོག་གྲ་སྒྲིག་བྱས་ཏེ། ནུས་ཤུགས་ཡོད་རྒུས་དཔྱིད་ཀའི་རྨོ་འདེབས་ཀྱི་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་པ་དང་། ཐོན་སྐྱེད་འཕར་སྣོན་དང་ཞིང་ལས་གྲུབ་འབྲས་གཏན་འཇགས་ཡོང་བ། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ་བཅས་ལ་དམིགས་ནས། རྫོང་ཡོངས་ཀྱི་ཞིང་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།  

微信图片_20220329164814.jpg

ད་ལོར་ཐུན་ཏེ་རྫོང་གིས་ས་མུའུ་འབུམ་གཅིག་ཁྲི་ལྔ་སྟོང་གཅིག་དྲུག་བརྒྱ་ལ་སྐྱེ་དངོས་འདེབས་འཛུགས་བྱ་རྩིས་ཡོད་ལ། དེའི་ནང་འབྲུ་རིགས་སྐྱེ་དངོས་ས་མུའུ་འབུམ་གཅིག་ཁྲི་གཅིག་སྟོང་བརྒྱད་སུམ་བརྒྱ་དང་ལོག་དཀར་ས་མུའུ་ཁྲི་གཅིག་སྟོང་དགུ་ལྔ་བརྒྱ། གཟན་རྩྭ་ས་མུའུ་ཁྲི་གཅིག་སྟོང་གཉིས་བརྒྱད་བརྒྱ། སྔོ་ཚལ་ས་མུའུ་སྟོང་གཅིག་བཅས་འདུས་པ་རེད། མིག་སྔའི་བར། གྲ་སྒྲིག་གསོག་ཉར་བྱས་ཡོད་པའི་རིགས་མི་གཅིག་པའི་ས་བོན་སྤྱི་རྒྱ་འབུམ་གཅིག་ཁྲི་དྲུག་སྟོང་གསུམ་ལྔ་བརྒྱ་ཡོད་ལ། དེའི་ནང་ས་བོན་སྤྱི་རྒྱ་ཁྲི་དགུ་སྟོང་གཅིག་ལྔ་བརྒྱ་དང་གྲོ་སྤྱི་རྒྱ་ཁྲི་གཅིག་སྟོང་གཉིས་ལྔ་བརྒྱ། སྲན་ཆེན་སྤྱི་རྒྱ་ཁྲི་གཅིག ལོག་དཀར་སྤྱི་རྒྱ་སྟོང་ལྔ། རིགས་མི་གཅིག་པའི་སོན་བཟང་སྤྱི་རྒྱ་འབུམ་དྲུག་ཁྲི་ལྔ། ཞིང་ལས་ཁྱིམ་སྤྱོད་ལུད་རྫས་ཏུན་སྟོང་བཞི་བཅས་འདུས་པ་དང་། དངུལ་རྩའི་སྡེ་ཁག་གིས་བུན་གཏོང་སྐྱི་དངུལ་ལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་བཏང་ཡོད། 

微信图片_20220329164826.jpg

དེ་དང་ཆབས་ཅིག ཆུ་བེད་སྡེ་ཁག་གིས་ཆུ་བེད་སྒྲིག་ཆས་འགན་སྲུང་དང་ཆུའི་ཐོན་ཁུངས་སྙོམས་སྒྲིག་ཚད་ཇེ་དྲག་ཏུ་བཏང་སྟེ།  ཕྱོགས་ཡོངས་ནས་ཞིང་སྤྱོད་ཆུ་བེད་སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱས་ནས་ཆུ་ཡུར་བར་དྲངས་བའི་བརྒྱུད་ལམ་ཤར་བགྲོད་བྱས།   གནམ་གཤིས་སྡེ་ཁག་གིས་ཕྱོགས་ཡོངས་ནས་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་སྐབས་ཀྱི་གནམ་གཤིས་ལ་སྔོན་དཔག་བྱས་ཏེ། དུས་ཐོག་ཏུ་ཆར་འབབ་ཚད་དང་ས་རྒྱུའི་གཤེར་ཚད་སོགས་སྙན་ཞུ་བྱས་ནས་རྨོ་འདེབས་ཀྱི་དུས་མི་ནོར་བར་བྱས། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།