ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཅི་ཞའོ་ཡིས་མིན་ཡོན་རྫོང་གི་ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་འཛུགས་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས22དང་ཚེས23ཉིན་གཉིས་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མིན་ཡོན་རྫོང་དུ་སོང་སྟེ་ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་འཛུགས་བྱ་བར་རྟོག་ཞིབ་བྱས་པ་དང་། རིམས་ནད་འགོག་སྡོམ་གྱི་འཐབ་ཕྱོགས་དང་པོ་ན་ཡོད་པའི་ལས་བཟོ་བ་དང་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་བྱས།

མཱ་ཅི་ཞའོ་ཡིས་བསྟན་དོན། མིན་ཡོན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། རྒྱ་ཆེའི་ལས་བྱེད་པས་མི་དམངས་བླ་ན་མེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་སྒོས་གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་འཛུགས་དུས་སྐབས་སྔོན་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། དེ་མིན་འབྲེལ་ཡོད་འགན་ནུས་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། བསྐྱར་འཛུགས་ལས་གཞིའི་འགན་འཁུར་དང་བོ་དངོས་འབེབས་བཟང་བོ་བྱེད་དགོས་ལ། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་སྙན་ཞུ་བྱེད་པ་དང་སྟོབས་ཤུགས་གཅིག་སྒྲིལ་སྒོས་འབྲེལ་མཐུད་བྱེད་པ། ཐབས་ལམ་མང་པོ་ནས་སྡོད་ཁང་དང་འགྲིམ་འགྲུལ། ཆུ་བེད། རྨང་གཞིའི་སྒྲིག་ཆས་སོགས་བསྐྱར་འཛུགས་ལས་གཞི་བརྩོན་ལེན་བྱེད་པར་མ་ཟད། གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་འཛུགས་བྱ་བའི་དུས་ཚོད་རེའུ་མིག་དང་ལས་འགན་གཏན་འཁེལ་གསལ་བོ་བྱེད་དགོས། ཁྱོན་ཡོངས་ཀྱི་འདུ་ཤེས་བརྟན་པོར་ཆགས་པར་བྱས་ཏེ། རང་འགུལ་སྒོས་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་དང་འབྲེལ་མཐུད་དམ་པོ་བྱེད་པ་དང་། གོང་རིམ་ཏང་ཨུའི་གཅིག་གྱུར་འགོ་ཁྲིད་འོག གནོད་ཐེབས་རྗེས་ཀྱི་སླར་གསོ་དང་བསྐྱར་འཛུགས་བྱ་བ་བཟང་བོར་བསྒྲུབ་པར་མ་ཟད་ནན་ཏན་སྒོས་ཇུས་འགོད་བྱེད་པ་དང་། བསྐྱར་འཛུགས་ལས་གཞི་སྔ་མོ་ནས་ལས་འགོ་བརྩམས་ཏེ། གནོད་ཐེབས་མང་ཚོགས་བདེ་སྡོད་ལས་བརྩོན་བྱེད་དུ་འཇུག་དགོས།

མཱ་ཅི་ཞའོ་ཡིས་བསྟན་དོན། མཚོ་བྱང་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཤིང་། བློ་ཐག་རྦད་ཆོད་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རིམས་ནད་འགོག་སྡོམ་བྱ་བའི་བཀོད་སྒྲིག་དང་རེ་བ་དངོས་འབེབས་བྱས་ཏེ། ཉེན་ཁའི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། ཏན་ཏིག་དང་ཞིབ་ཕྲ་སྒོས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱས་ནས། རྒྱུན་རྣམ་ཅན་གྱི་འགོག་སྡོམ་རྐྱེན་སྲོལ་ལག་བསྟར་དོན་འཁྱོལ་བྱས་པ་འགན་སྲུང་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།