ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར(ཨང35པ)

      ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར(ཨང35པ)

《པྲོག་གསར་གློ་ཚད་རིམས་ནད་སྐོར་གྱི་སྡེ་ཁུལ་གྱི་འགོག་སྡོམ་ཇུས་གཞི》གཞིར་བཟུང་སྟེ། ཆེད་མཁས་པའི་ཚོགས་ཆུང་གིས་ཞིབ་འཇུག་དང་བརྡར་ཤ་བཅད་པ་བརྒྱུད། 2022ལོའི་ཟླ3པའི་ཚེས25ཉིན་གྱི་ཆུ་ཚོད00ཡི་སྟེང་། ཟི་ལིང་གྲོང་ཁྱེར་གྱི་བཀག་སྡོམ་ཁུལ་དང་དོ་དམ་ཚོད་འཛིན་ཁུལ། དོགས་ཟོན་ཁུལ་བཅས་ཀྱི་བཀག་སྡོམ་དང་ཚོད་འཛིན་མེད་པར་བཟོས་པ་ཡིན། ད་ལྟ་བརྡ་སྦྱོར་སྤེལ་བ་གཤམ་གསལ་ལྟར། 

2022ལོའི་ཟླ3པའི་ཚེས10ཉིན་གྱི་ཆུ་ཚོད17ཡི་སྟེང་། མཁར་བྱང་ཁུལ་ཧེང་ཏ་མིང་ཏུའུ་གཞིས་ཁུལ་གྱི་ཐོག་ཁང4པ་དང་། མཁར་ནུབ་ཁུལ་ཝན་ཏ་ཐོག་ཁང4པའི་ཐོག་བརྩེགས9པ་དང25པ་བཅས་བཀག་སྡོམ་ཁུལ་དུ་དབྱེ་བ་དང་། ད་ལྟ་བཀག་སྡོམ་ཁུལ་དུ་ཉིན14ཙམ་གྱི་རིང་། ནད་རྟགས་གཏན་ཁེལ་བྱུང་བའི་ནད་དཔེ་དང་ནད་རྟགས་མེད་པའི་ནད་དཔེ་གསར་བ་མ་བྱུང་། ཆེས་མཇུག་གི་འབྲེལ་གཏུག་དམ་ཟབ་ཡོད་མཁན་དེ་མཇུག་མཐའི་འབྲེལ་འདྲིས་ལས་ཉིན14བརྒལ་ཞིང་། ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སྲིབ་གཤིས་སུ་མངོན། ཚོད་འཛིན་ལྷོད་པའི་སྔོན་གྱི་ཉིན2ཀྱི་ནང་། མི་སྣ་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སྲིབ་གཤིས་སུ་མངོན། 2022ལོའི་ཟླ3པའི་ཚེས25ཉིན་གྱི་ཆུ་ཚོད0ནས་བཟུང་བཀག་སྡོམ་ཚོད་འཛིན་མེད་པར་བཟོས་པ་ཡིན།

2022ལོའི་ཟླ3པའི་ཚེས10ཉིན་གྱི་ཆུ་ཚོད17ཡི་སྟེང་། མཁར་བྱང་ཁུལ་ཧེང་ཏ་མིང་ཏུའུ་གཞིས་ཁུལ་གྱི་ཐོག་ཁང1པོ་དང་2པ། 3པ། 12པ། 13པ་བཅས་ཀྱི་ཁོར་ཡུག་དང་། མཁར་ནུབ་ཁུལ་ཝན་ཏ་ཐོག་ཁང4པ་བཅས་བཀག་སྡོམ་ཁུལ་དུ་དབྱེ་བ་དང་། ད་ལྟ་བཀག་སྡོམ་ཁུལ་དུ་ཉིན14ཙམ་གྱི་རིང་། ནད་རྟགས་གཏན་ཁེལ་བྱུང་བའི་ནད་དཔེ་དང་ནད་རྟགས་མེད་པའི་ནད་དཔེ་གསར་བ་མ་བྱུང་། ཆེས་མཇུག་གི་འབྲེལ་གཏུག་དམ་ཟབ་ཡོད་མཁན་དེ་མཇུག་མཐའི་འབྲེལ་འདྲིས་ལས་ཉིན14བརྒལ་ཞིང་། ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སྲིབ་གཤིས་སུ་མངོན། ཚོད་འཛིན་ལྷོད་པའི་སྔོན་གྱི་ཉིན2ཀྱི་ནང་། མི་སྣ་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སྲིབ་གཤིས་སུ་མངོན། 2022ལོའི་ཟླ3པའི་ཚེས25ཉིན་གྱི་ཆུ་ཚོད0ནས་བཟུང་བཀག་སྡོམ་ཚོད་འཛིན་མེད་པར་བཟོས་པ་ཡིན།

2022ལོའི་ཟླ3པའི་ཚེས10ཉིན་གྱི་ཆུ་ཚོད17ཡི་སྟེང་། མཁར་བྱང་ཁུལ་ཚྭ་འདམ་གཤོང་ལམ་གྱི་བྱང་ཕྱོགས་དང་མ་ཧྥང་ཧྲན་ཀན་གྱི་ལྷོ་ཕྱོགས། ཡན་ཀོང་ནུབ་ལམ་གྱི་ནུབ་ཕྱོགས། ཝིན་ཧྥང་སྲང་གི་ཤར་ཕྱོགས་ཀྱི་ཁོར་ཡུག་དང་། མཁར་ནུབ་ཁུལ་ཁུ་ནུ་ལམ་ཆེན་གྱི་ནུབ་ལམ་བྱང་ཕྱོགས། ཧྥུའུ་ཧྥུན་ལམ་གྱི་ཤར་ཕྱོགས། ཞ་ཏུའུ་གྱིན་ལམ་མི་བགྲོད་གཞུང་ལམ་གྱི་ལྷོ་ཕྱོགས། ཐུན་ཧྲིན་ལམ་གྱི་ནུབ་ཕྱོགས་ཀྱི་ཁོར་ཡུག་བཅས་དོགས་ཟོན་ཁུལ་དུ་དབྱེ་བ་དང་། ད་ལྟ་དོགས་ཟོན་ཁུལ་དུ་ཉིན14ཙམ་གྱི་རིང་། ནད་རྟགས་གཏན་ཁེལ་བྱུང་བའི་ནད་དཔེ་དང་ནད་རྟགས་མེད་པའི་ནད་དཔེ་གསར་བ་མ་བྱུང་། ཆེས་མཇུག་གི་འབྲེལ་གཏུག་དམ་ཟབ་ཡོད་མཁན་དེ་མཇུག་མཐའི་འབྲེལ་འདྲིས་ལས་ཉིན14བརྒལ་ཞིང་། ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སྲིབ་གཤིས་སུ་མངོན། ཚོད་འཛིན་ལྷོད་པའི་སྔོན་གྱི་ཉིན2ཀྱི་ནང་། མི་སྣ་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སྲིབ་གཤིས་སུ་མངོན། 2022ལོའི་ཟླ3པའི་ཚེས25ཉིན་གྱི་ཆུ་ཚོད0ནས་བཟུང་དོགས་ཟོན་ཚོད་འཛིན་མེད་པར་བཟོས་པ་ཡིན།

བཀག་སྡོམ་དང་ཚོད་འཛིན་མེད་པར་བཟོས་རྗེས། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་མུ་མཐུད་དུ་རིམས་ནད་འགོག་སྡོམ་མི་ལྷོད་པར། ཟི་ལིང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་དོ་དམ་གྱི་བླང་བྱ་གཞིར་བཟུང་། འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་དང་བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱས་ནས། འདུ་འཛོམས་བྱེད་པ་ཇེ་ཉུང་དང་གཅིག་སྡུད་མི་བྱེད་པ། ལག་པ་ཡང་ཡང་བཀྲུ་བ། མཁའ་དབུགས་འཁོར་རྒྱུག་བཟང་བ་བཅས་བྱས་ཏེ། སྤྱི་པའི་ཁོར་ཡུག་ཏུ་བསྐྱོད་སྐབས། ཁ་ཐུམ་བརྒྱབ་ནས་རང་འགུལ་ངང“བདེ་ཐང་ཨང་བཤེར”དང“འགྲོ་སྐྱོད་ཨང་བཤེར”སྟོན་དགོས། གལ་ཏེ་ཚ་རྒྱས་པ་དང་ལུད་པ་ལུ་བ། སྣ་འགག་པ་སོགས་ཀྱི་ནད་རྟགས་ཐོན་ཚེ། འཕྲལ་དུ་གནས་ཁེལ་ཚ་རྒྱས་སྒོ་བསྟེན་དུ་སོང་སྟེ་སྨན་བཅོས་བྱེད་དགོས།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ3པའི་ཚེས24ཉིན།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།