ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་བཞི་པ་དང་ལྔ་པས་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་དུ་སོ་སོར་སྙན་ཞུ་ཚོགས་འདུ་འཚོགས་པར་ལྟ་རྟོག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས22ཉིན།  མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་བཞི་པ་དང་ལྔ་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྙན་ཞུ་ཚོགས་འདུ་འཚོགས་པར་སོ་སོར་ལྟ་ཞིབ་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷང་གི་ཀྲུའུ་རེན་གཞོན་པའམ་ཞིང་ཆེན་ལྟ་ཞིབ་ཚན་ཆུང་བཞི་པའི་ཚན་གཙོ་ཉི་མ་སྒྲོལ་མ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ལྟ་ཞིབ་ཚན་ཆུང་ལྔ་པའི་ཚན་གཙོ་ཏུའུ་ཏེ་ཀྲི་གཉིས་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་གྱི་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཐེངས་འདིའི་ལྟ་ཞིབ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”གནད་འགག་དུས་སྐབས་ཀྱི་ལྟ་ཞིབ་ཐོག་མ་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་གནང་ཡོད། མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་གྱིས་ཐེངས་འདིའི་ལྟ་ཞིབ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། འདི་ནི“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པའི་བྱེ་བྲག་གི་འགུལ་སྐྱོད་དུ་འཛིན་པ། རོགས་ཤུགས་གཅིག་བསྡུས་དང་རམ་འདེགས་ཟབ་མོ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ལྟ་ཞིབ་ལས་འགན་འགྲུབ་པར་བྱེད་དགོས། གཟབ་ནན་གྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དུས་ལྟར་གང་མཁོ་རྒྱུ་ཆ་རིགས་སོ་སོ་འདོན་སྤྲོད་བྱེད་པ་དང་། དངོས་ཡོད་ལྟར་གནས་ཚུལ་ཡར་ཞུ་བྱས་ཏེ། མི་བདེན་རྫུན་སྒྲིག་དང་སྐབས་འཕྲལ་ཁུངས་འཁྱོལ་ཙམ་བྱེད་མི་ཆོག དག་ཐེར་བཅོས་སྐྱོང“མཐའ་གཅིག་གཅོད”གཏན་འགོག་བྱེད་པ་དང་། “སྒོ་གཏད་པས་ཆོག་པར་བྱེད་པ”དང“བཅོས་ཚབ་མཚམས་འཇོག་གིས་བྱེད་པ”བཅས་བྱེད་མི་ཆོག་པར་མ་ཟད། ལྷག་པར་དུ་ཁེ་ལས་ལ་སྐབས་འཕྲལ་རང་བཞིན་གྱི་ཐོན་ལས་མཚམས་འཇོག་གི་བླང་བྱ་བཏོན་མི་ཆོག །

རྩོམ་སྒྲིག་པ། : གསང་བདག་རྒྱལ།