མཚོ་སྔོན་ཞིང་ཆེན་གྱིས་གནས་སྐབས་སུ་པྲོག་དབྱིབས་ནད་དུག་འགོག་རྫས་ཀྱི་ཞིབ་བཤེར་ཚད་ལེན་རྣམ་གྲངས་གསར་དུ་ཁ་སྣོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་ལེན་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་གནས་སྐབས་སུ་པྲོག་དབྱིབས་ནད་དུག་འགོག་རྫས་ཞིབ་དཔྱད་ཚད་ལེན་རྣམ་གྲངས་གསར་དུ་ཁ་སྣོན་བྱས་པ་དང་། གཏན་འབེབས་བཞི་བོ་དེ་ཟླ4བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

ས་གནས་ཁག་གིས་ཚན་རིག་དང་ལུགས་མཐུན་གྱི་སྒོ་ནས་པྲོག་གསར་ནད་དུག་གི་འགོག་རྫས་ཞིབ་དཔྱད་ཚད་ལེན་བྱེད་པར་ཁྲིད་སྟོན་བྱེད་ཆེད། འགོག་རྫས་བཤེར་འཇལ་གདགས་གཤིས་ཡིན་པའི་རྗེས་ཀྱི་ཐག་གཅོད་དོ་དམ་ཚད་ལྡན་དང་། གནས་སྐབས་གསར་དུ་འཕར་སྣོན་བྱུང་བའི་པྲོག་དབྱིབས་ནད་དུག་འགོག་རྫས་ཞིབ་དཔྱད་ཚད་ལེན་རྣམ་གྲངས་ཀྱི་རྣམ་གྲངས་འཛུགས་པ་དང་རིན་གོང་གཏན་འཁེལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་པ། གསར་དུ་བདམས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཏན་ཏིག་ངང་སྤེལ་ནས། མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུའི་དགོས་མཁོ་སྔར་ལས་བསྐང་སྟེ། རྒྱལ་ཁབ་ཀྱི་བླང་བྱ་གཞིར་བཟུང་ནས་ཟླ3པའི་ཚེས23ཉིན། ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་སྒོས《གསར་དུ་བདམས་པའི་པྲོག་དབྱིབས་ནད་དུག་གི་ནད་འགོག་ཞིབ་དཔྱད་རྣམ་གྲངས་སྐོར་གྱི་བརྡ་ཐོ》དེ་ཕྱོགས་བཞིའི་ཐད་ནས་གཏན་འབེབས་གསལ་པོ་བྱས་ཏེ་ཟླ4བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

གཞུང་བཙུགས་སྨན་བཅོས་སྒྲིག་གཞིས་རིན་གོང་ཡོངས་བསྒྲགས་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས། རང་འགུལ་ངང་གནོད་འཚེ་འགོག་པའི་ཞིབ་དཔྱད་ཚད་ལེན་རྣམ་གྲངས་ཀྱི་ཞབས་ཞུའི་ནང་དོན་དང་རིན་གོང་སྲིད་ཇུས་ཡོངས་བསྒྲགས་བྱས་ཏེ། གཏན་འབེབས་ལྟར་ནད་པར་ཞབས་ཞུ་བྱེད་པ་དང་འགྲོ་གྲོན་བསྡུ་དགོས་པ་མ་ཟད། དྲ་ཐོག་ཉོ་སྒྲུབ་ཀྱི་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ། གཏན་འབེབས་ལྟར་ཞིང་ཆེན་རིམ་པའི་ལས་སྟེགས་ནས་ཉོ་སྒྲུབ་བྱེད་དགོས། ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།