ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་ཉེས་དོན་ཉེན་རྟོག་པས་གློག་འཕྲིན་ལ་བརྟེན་ནས་མགོ་སྐོར་གཏོང་བའི་ནག་ཚང3གཏོར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གིས་དྲ་རྒྱའི་ཉེན་རྟོག་ཡན་ལག་རུ་ཁག་གི་རྒྱབ་སྐྱོར་ཆེན་པོ་བྱས་འོག ལོ་ཏུའུ་ཆུས་སྤྱི་བདེ་ཅུའུ་དང་མཉམ་འབྲེལ་བྱས་ཏེ་གློག་འཕྲིན་ལ་བརྟེན་ནས་མགོ་སྐོར་གཏོང་བའི་ནག་ཚང3གཏོར་བ་དང་། དོགས་གཞི་ཉེས་ཅན7འཛིན་བཟུང་བྱས། 

2021ལོའི་ཟླ10པའི་ནང་། ལོ་ཏུའུ་ཆུས་སྤྱི་བདེ་ཅུའུ་ཡིས་བྱ་བའི་ཁྲོད་ལོ་ཏུའུ་ཆུས་ནན་མོན་ཐའེ་ཁྲོམ་ར་དང་གཞིས་ཁུལ་ག་གེ་མོ།  ཆུ་བེད་ཀུང་སིའི་ཉེ་འགྲམ་གྱི་གླ་གཏོང་ཁང་པའི་ནང་དོགས་ཡོད་མི་སྣས་དྲ་སྦྲེལ་སྤྱད་དེ་ཁྲིམས་འགལ་ངང་དངུལ་བུན་གཏོང་བ་དང་། དངུལ་བསྡུ་བ་(དངུལ་འབབ་གཙང་སྒྱུར)སོགས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་པ་ཤེས་རྟོགས་བྱུང་། མཚོ་ཤར་གྲོང་ཁྱེར་ལ་མཚོན་ན་ཁྲིམས་འགལ་ནག་ཉེས་འདི་རིགས་བྱུང་བ་ཐོག་མ་ཡིན་ལ། མཚོ་ཤར་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཡནལག་རུ་ཁག་དང་། དྲ་རྒྱའི་བདེ་འཇགས་ཡན་ལག་རུ་ཁག  ལོ་ཏུའུ་ཆུས་སྤྱི་བདེ་ཅུའུ་བཅས་ཀྱིས་ཟླ3རིང་གི་རྩད་གཅོད་བརྟག་དཔྱད་བྱས་པ་དང་གསང་བའི་སྒོ་ནས་བདེན་དཔང་བཙལ་བ་སོགས་བྱ་བ་སྒྲུབ་པ་བརྒྱུད། དོགས་གཞི་ཉེས་ཅན་གྱི་ཐོབ་ཐང་ངོ་མའི་གནས་ཚུལ་དང་ནག་ཚོགས་འདིའི་གནས་ཡུལ་ངོ་མ་སོགས་རིམ་བཞིན་ལྷང་ལ་བུད།  ཟླ3པའི་ཚེས21ཉིན་གྱི་མཚན་མོར། མཚོ་ཤར་གྲོང་ཁྱེར་དང་ལོ་ཏུའུ་ཆུས་བཅས་ཀྱི་སྤྱི་བདེ་ལས་ཁུངས་བཅས་མཉམ་འབྲེལ་སྒོས་ཕྱི་ཉིན་ཞོག་པའི་བར་དོགས་ཡོད་ཉེས་ཅན་ཐེན་ཆེ་གེ་མོ་སོགས་མི7འཛིན་བཟུང་བྱས་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་ནག་ཚོགས3གཏོར་བ་མ་ཟད། ནག་ཉེས་བཟོ་བར་སྤྱོད་པའི་གློག་ཀླད3དང་ལག་ཁྱེར་ཁ་པར་གྱི་བྱང་བུ64། ཁ་པར་གྱི་སྐད་ཆའི་ཟིན་བྲིས་དེབ25། བསྐྱར་དཔེར་འཕྲུལ་ཆས1། བཤར་འབེབས་འཕྲུལ་ཆས1། ཀུང་སིའི་ཐམ་ག2དང་ཀུང་སིའི་མིང་བྱང2500བཅས་གཞུང་བཞེས་བཏང་བ་རེད། ནག་ཉེས་ཚོགས་པ་གཞན་དག་གི་ཁོངས་མི་ད་ལྟ་འཛིན་བཟུང་བྱེད་བཞིན་པ་དང་། གྱོད་འབྲེལ་མ་དངུལ་དང་ཆ་འཕྲིན་ཞིབ་དཔྱད་བྱེད་བཞིན་པའི་སྒང་རེད།

མྱུལ་ཞིབ་བྱས་པ་བརྒྱུད།  ནག་ཉེས་ཚོགས་པ་དེས་དྲ་རྒྱའི་ཚན་རྩལ་ཀུང་སིར་ཁ་གཡར་ནས་དུས་ཡུན་རིང་པོར་ཁྲིམས་འགལ་ངང་དངུལ་བུན་གཏོང་བ་དང་ཡིད་རྟོན་གཡོ་འཁྲུད་བྱེད་ཀྱིན་ཡོད་པ་མ་ཟད། དྲ་ཐོག་གི་ཉོ་འཚོང་སྟེགས་བུར་བརྟེན་ནས“དངུལ་སྤྲོད་པ་ལས་དངོས་ཟོག་མི་བསྐུར་བའི”བྱེད་ཐབས་སྤྱད་དེ་ཚོང་ཟོག་ཐོ་འགོད་བྱེད་པ་དང་། དུས་མཚུངས་སུ་སྐད་འཕྲིན་ཁུག་དམར་དང་ཀྲུ་ཧྥུ་པུའོ་ཁུག་དམར་སོགས་བྱེད་ཐབས་བརྒྱུད་ནས་དངུལ་བསྡུ་བ་དང་(དངུལ་འབབ་ངོ་སྒྱུར)། ནག་ཉེས་ཚོགས་པ་དེས་ད་དུང་དྲ་སྦྲེལ་ཐོག་ནས་དངོས་མིང་ཐོ་འགོད་བྱས་པའི་སྐད་འཕྲིན་དང་།ཀྲུ་ཧྥུ་པུའོ། ལག་ཁྱེར་ཁ་པར་གྱི་བྱང་བུ་་བཅས་ཉོ་སྒྲུབ་བསྡུ་ལེན་བྱས་ཐོག ལོ་ཏུའུ་ཆུས་ཀྱི་གཞོན་ནུ་ལོ་ཆུང་གི་མིང་ངོ་མའི་ཐོ་འགོད་བྱས་པའི་ལག་ཁྱེར་ཁ་པར་དང་སྐད་འཕྲིན། ཀྲུ་ཧྥུ་པུའོ་སོགས་རྩིས་ཐོའི་ཨང་གྲངས་བཟོ་བར་རྩ་འཛུགས་བྱས་ཐོག  སྒོར100ཡི་རྩིས་ཨང་གཅིག་ཉོ་སྒྲུབ་བྱེད་པ་སོགས་ཁྲིམས་འགལ་བྱ་སྤྱོད་སྤེལ་བ་དང་། མིག་སྔར་གྱོད་དོན་འདི་ད་དུང་མྱུལ་ཞིབ་བྱེད་བཞིན་པའི་སྒང་རེད།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།