ཚན་རྩལ་གསོ་སྤེལ་གྱིས་འབྲོག་པའི་ཡོང་འབབ་འཕར།

1.jpg

འདི་ནི་ཟླ3པའི་ཚེས23ཉིན་ནང་ཆེན་རྫོང་སྡོམ་པ་ཤང་གི་འདེབས་འཛུགས་གསོ་སྤེལ་ཞིང་བའི་ཆེད་ལས་མཉམ་ལས་ཁང་དུ་པར་བླངས་པའི་འབྲི་མོ་དང་བེའུ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གིས་ཤུགས་ཆེན་པོས་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་བཏང་སྟེ། ཚད་གཞི་ཅན་གྱི་འབྲི་གཡག་གསོ་སྤེལ་རྟེན་གཞི19འཛུགས་སྐྲུན་བྱས་པ་དང་། ས་གནས་འབྲོག་དམངས་ཀྱིས་རང་ཁྱིམ་གྱི་འབྲི་གཡག་མ་རྐང་དུ་འཇོག་པའི་རྣམ་པས་མཉམ་ལས་ཁང་གི་འབྲི་གཡག་གསོ་སྤེལ་རྟེན་གཞི་རུ་གཅིག་བསྡུས་ངང་གསོ་སྤེལ་བྱས་ཡོད། གསོ་སྤེལ་ཆ་རྐྱེན་ཇེ་ལེགས་དང་གསོ་སྤེལ་ལག་རྩལ་ཇེ་མཐོར་སོང་བ་དང་བསྟུན། ད་ལོའི་ཚུན་ནས་བཟུང་འབྲི་མོའི་བེའུ་བཙའ་བའི་དུས་ཚོད་སྔ་སྣུར་བྱས་ཤིང་བཙའ་ཚད་ཀྱང་ཇེ་མང་དུ་སོང་སྟེ། འབྲོག་པའི་ཐོན་སྐྱེད་ཡོང་འབབ་ཇེ་མཐོར་བཏང་། །

2.jpg

པར་འདི་དག་ནི་ནང་ཆེན་རྫོང་སྡོམ་པ་ཤང་གི་འདེབས་འཛུགས་གསོ་སྤེལ་ཞིང་བའི་ཆེད་ལས་མཉམ་ལས་ཁངགི་བེའུ་ཡིན། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།