ཟི་ལིང་གྲོང་ཁྱེར“ཁུལ་གསུམ”གྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་འབྲས་བུ་ཚང་མ་སྲིབ་གཤིས་སུ་མངོན་པ།

ཟླ3པའི་ཚེས23ཉིན་ཟི་ལིང་གྲོང་ཁྱེར་གྱིས་ནད་གཞི་གཏན་འཁེལ་བྱས་པའི་ཀྲང་ཆེ་གེ་མོ་དང་ལོས་ཆེ་གེ་མོ་འབྲེལ་འདྲིས་དམ་ཟབ་བྱེད་མཁན་དང་དེ་བཞིན་གྲོང་ཁྱེར་ཡོངས་ཀྱི“ཁུལ་གསུམ”དུ་མི་གྲངས24879ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་པ་དང་། བརྟག་འབྲས་ཚང་མ་སྲིབ་གཤིས་སུ་མངོན། དེའི་ནང་འབྲེལ་གཏུག་དམ་ཟབ་བྱེད་མཁན67དང་། བཀག་སྡོམ་ཚོད་འཛིན་ཁུལ་དུ242 ། དོ་དམ་ཚོད་འཛིན་ཁུལདུ2313། སྔོན་འགོག་ཚོད་འཛིན་ཁུལ་དུ2257།མཁར་བྱང་ཁུལ་བཀག་སྡོམ་ཚོད་འཛིན་ཁུལ་དུ242། དོ་དམ་ཚོད་འཛིན་ཁུལ་དུ1070། སྔོན་འགོག་ཚོད་འཛིན་ཁུལ་དུ20107བཅས་ལ་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་བྱས་ཤིང་། མཁར་ནུབ་ཁུལ་དུ་མི་ཚང་མ་གཅིག་སྡུད་ཐོག་ལོགས་སུ་བཀར་ནས་དོ་དམ་ཚོད་འཛིན་བྱས་པ་དང་། ཉིང་སྐྱུར་ཞིབ་བཤེར་ཚད་ལེན་དེ་གཅིག་སྡུད་བྱས་ཐོག་ལོགས་སུ་བཀར་ནས་ལག་བསྟར་བྱེད་ཀྱིན་ཡོད། དེའི་ནང་དོ་དམ་ཚོད་འཛིན་ཁུལ་དུ1243དང་། སྔོན་འགོག་ཁུལ་དུ2150བཅས་ཡོད།

ཟི་ལིང་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཚོད་འཛིན་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ3པའི་ཚེས24ཉིན།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།