ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་རོགས་སྒྲུབ་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་གི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དང་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་བསྡོམས་པས་མི40ལ་ཉིན5རིང་གི་གསོ་སྦྱོང་བྱས། 

གསོ་སྦྱོང་བརྒྱུད། གསོ་སྦྱོང་ལ་ཞུགས་པའི་མི་སྣས་སྔར་ལས་ལྷག་པར་གཏིང་ཟབ་ཅིང་ཁྱོན་ཡོངས་གནད་ལ་ཁེལ་བའི་སྒོ་ནས་ཀྲང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་རྒྱུས་ལོན་ཞིང་ཁོང་དུ་ཆུད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་དུས་རབས་གསར་པའི་མི་རིགས་བྱ་བ་ལེགས་པར་སྒྲུབ་པའི་བླང་བྱ་གལ་ཆེན་དང་སྲོག་ཤིང་རྩ་འཛིན་ལ་གཏིང་ཟབ་མོས་གདེང་ཐོན་པར་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ཡོད་དགུས་སྐུལ་འདེད་གཏོང་དགོས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།