ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐའོ་ཡིས་ཟི་ལིང་གྲོང་ཁྱེར་དུ་སྐྱེ་ཁམས་ཁོར་ཡུག་གནད་དོན་དག་ཐེར་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཟི་ལིང་གྲོང་ཁྱེར་སྐུལ་སློང་སྙན་ཞུའི་གྲོས་ཚོགས་འཚོགས་རྗེས། ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་གསུམ་པའི་ཙུའུ་ཀྲང་ལིའུ་ཐའོ་འཕྲལ་མར་ཡུལ་དངོས་སུ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དག་ཐེར་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་གནང་ཞིང་། ཁོང་གིས་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་གནད་དོན་དག་ཐེར་དམ་འཛིན་བྱེད་པར་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་གཏིང་ཟབ་སྒོས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱག་དགོས་པར་ནན་གྱིས་བསྟན།

ལིའུ་ཐའོ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་འགན་འཁྲི་མཉམ་འཁུར”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་མོ་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་སྔར་བས་སྲ་བརྟན་དུ་གཏོང་དགོས། ཕྱོགས་བསྡུས་བཅོས་སྐྱོང་དང་། མ་ལག་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ལ་མཐོང་ཆེན་བྱས་ནས་བཙོག་ཆུ་དང་འདམ་རྫབ་གཙང་སེལ་གྱི་ལས་རིམ་དང་ལྷུ་ཚིགས་ཚང་མར་དོ་དམ་ཚོད་འཛིན་ནན་མོ་བྱས་ཏེ་ཐག་གཅོད་བྱེད་ནུས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། གཙོ་གནད་ལས་རིགས་དང་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་མུ་མཐུད་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ་དང་། “ཚད་ཐིག་གསུམ་དང་རྩིས་ཐོ་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། ཐོན་ལས་གྲུབ་ཆ་ལྗང་མདོག་རིམ་སྤོར་ལ་ནན་གྱིས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུར་བརྟན་འཇགས་ངང་བསྐྱོད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།