ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་བཙུགས་ནས་རྒན་རྒོན་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

པར་འདི་ནི་ཏུའུ་ལན་རྒན་གསོ་ཁང་གིས་རིག་རྩལ་བྱ་འགུལ་སྤེལ་བཞིན་པའི་རྣམ་པ་ཡིན། 

2.jpg

པར་འདི་ནི་རྒན་པ་དག་གིས་ཚགས་པར་ཀློག་བཞིན་པའི་རྣམ་པ་ཡིན། 

3.jpg

པར་འདི་ནི་རྒན་གསོ་ཁང་གི་ལས་བཟོ་བའི་བསམ་པ་རྣམ་དག་གིས་རྒན་པ་ཚོར་བདག་སྐྱོང་བྱེད་བཞིན་པའི་རྣམ་པ་ཡིན། 

4.jpg

པར་འདི་ནི་རྒན་པ་རྣམས་ཀྱིས་དགའ་སྤྲོའི་ངང་ཞབས་བྲོ་འཁྲབ་བཞིན་པའི་རྣམ་པ་ཡིན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒན་གསོའི་ཞབས་ཞུའི་ལས་དོན་ནི་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་པའི་མ་ལག་ཚང་བའི་ལས་གཞི་ཞིག་ཡིན་པས། ཁྱིམ་ཚང་ཁྲི་སྟོང་མང་པོས་དོ་ཁུར་བྱེད་བཞིན་ཡོད། དུས་རབས་གསར་པའི་རྒན་གསོའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་རྒན་རྒོན་གྱི་བདེ་སྐྱིད་དང་གཞོན་ནུ་ཚོའི་འབྱུང་འགྱུར་ལ་འཚམ་པའི་བྱ་བ་ཞིག་ཡིན་པས། འགན་འཁྲི་ལྗིད་མོ་དང་གཟི་བརྗིད་ལྡན་པའི་བྱ་གཞག་ཅིག་རེད། ལོ་མང་པོའི་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་ཞབས་ཞུའི་ལམ་ལུགས་དང་ལམ་སྲོལ་རིམ་བཞིན་འཐུས་ཚང་དུ་བཏང་། རྒན་གསོའི་ཞབས་ཞུ་བྱ་ཡུལ་དེ་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་རྒན་རྒོན་ནས་རིམ་བཞིན་སྤྱི་ཚོགས་ཀྱི་རྒན་རྒོན་ལ་རྒྱ་བསྐྱེད་དུ་བཏང་བ་དང་། རྒན་གསོའི་ཞབས་ཞུ་གཉེར་སྐྱོང་བྱ་རྒྱུ་དེ་གཙོ་བོར་བཟུང་ནས་སྲིད་གཞུང་གིས་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་སྟེ། དམངས་ཁྲོད་ཀྱི་མ་རྩ་དང་འགྲན་རྩོད་ཀྱིས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཆགས་ཡོད། རྒན་གསོའི་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། རྒན་རྒོན་གྱི་ཐོབ་སྣང་དང་བདེ་སྣང་མུ་མཐུད་ཆེ་རུ་ཕྱིན་པ། རྒན་གསོའི་ཞབས་ཞུའི་ལས་དོན་གྱིས་དམངས་འཚོ་འགན་ལེན་ཇེ་ལེགས་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།