ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་མཚོ་སྔོན་ཞིང་ཆེན་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་ཀྱི་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན། 2022ལོའི་མཚོ་སྔོན་ཞིང་ཆེན་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་དཔལ་ཡོན་ཨུ་ལྷན་གྱི་ཀྲུའུ་རེན་ཀྲའོ་ཡུའེ་ཞ་ཡིས་གཏམ་བཤད། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་དཔལ་ཡོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཁྲའོ་ཡིས་མགོ་འཛིན་བྱས། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱེད་པ་དང་། ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་ངོས་ཟིན་ཟབ་མོ་བྱེད་པ། བློ་དཀར་གཞུང་དྲང་གིས“གཏན་འཁེལ་གཉིས”ལ་སྲུང་སྐྱོང་བྱེད་པ་དང་། “སྲུང་སྐྱོང་གཉིས”ཀྱི་དངོས་ཡོད་འགུལ་སྐྱོད་བློ་ཐག་རྦད་ཆོད་ཀྱིས་ལེགས་པོར་སྒྲུབ་པ། སྔར་ལས་སྟོབས་དང་ལྡན་པའི་བྱེད་ཐབས་སྤྱོད་པ་དང་བདེན་འཛིན་དངོས་གཉེར་གྱི་སྤྱོད་བཟང་དར་སྤེལ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་དངོས་ལེན་པར་སྐུལ་འདེད་གཏོང་དགོས། 

ཚོགས་ཐོག་ནས་ཀྲུང་དབྱང་དཔལ་ཡོན་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། 2021ལོའི་གཙོ་གནད་བྱ་བ་དང་ལས་གཞི་ལེགས་འགྲུབ་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་ལ། 《2022ལོའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བའི་གཙོ་གནད》དང་། 《དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་ཟབ་སྤེལ་རྒྱ་སྐྱེད་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི》གཉིས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཞིང་ཆེན་སྤྱིའི་བཟོ་ཚོགས་སོགས་ལས་ཁུངས་ཀྱིས་བརྗེ་རེས་གཏམ་བཤད་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།